国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་ཡུལ་སྡེའི་ཤེས་ཡོན་མི་སྣ་ཚན་པ་གཅིག་ལ་གསར་གཏོད་ལས་གཏོད་ཀྱི་བྱ་དགའ་ཐོབ།

ཉེ་ཆར། དཀར་མཛེས་ཁུལ་ཡུལ་སྡེ་དར་རྒྱས་ཀྱི་ས་གནས་རང་གི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་སྐབས་བཞི་པ་ཕུན་སུམ་ཚོགས་པོའི་ངང་སྤེལ་ཏེ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར18ནས་ཡོང་བའི་འགྲན་ཞུགས་རུ་ཁག34ཐེངས་འདིའི་འགྲན་སྡུར་ནང་ཞུགས་ཡོད།

ཐེངས་འདིའི་འགྲན་སྡུར་ནི་ཁུལ་ཚན་རྩལ་མཐུན་ཚོགས་དང་ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཚན་རྩལ་ཅུས། ཁུལ་ཡུལ་སྡེ་དར་རྒྱས་ཅུས་སོགས་སྡེ་ཁག11གིས་མཉམ་དུ་གཉེར་ཞིང་། འགྲན་སྡུར་གྱི་གཙོ་དོན་ནི་དཔེ་སྟོན་གྱིས་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་ཡུལ་སྡེ་དར་རྒྱས་འབྱུང་འགྱུར་ལ་ཕྱོགས་ཞེས་པ་ཡིན་ཞིང་། ས་གནས་རང་གི་ཞིང་སྡེའི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་དང་། གསར་གཏོད་ལས་གཏོད་དང་ཡུལ་སྡེ་དར་རྒྱས་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ས་གནས་རང་གི་ཤེས་ཡོན་མི་སྣ་ཁག་ཅིག་གསོ་བ། ས་གནས་རང་གི་ཤེས་ཡོན་མི་སྣ་དེ་བས་མང་པོ་ལས་གཏོད་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་ནས་ཞིང་སྡེའི་དཔལ་འབྱོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་པའི་ཆེད་དུ་རེད།

འགྲན་སྡུར་ནང་རང་ཉིད་ཀྱིས་འགྲེལ་བརྗོད་དང་ཡུལ་དངོས་སུ PPTཡི་བརྙན་གཟུགས་བསྟན་པ།དཔྱད་འདེམས་པའི་དྲི་བར་ལན་འདེབས་པ་བརྒྱུད་དེ། ཞིང་ཆེན་དང་ཁུལ་ཞིང་ནགས་འབྲོག་ལས་ལ་སོགས་པའི་ལས་རིགས་ཆེད་མཁས་དང་ཞིང་ཆེན་གྱི་ས་གནས་རང་ཉིད་ཀྱི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོ་ནང་གསེར་གྱི་བྱ་དགའ་ཐོབ་པའི་འོས་མི་ཆེད་མཁས10ལས་གྲུབ་པའི་དཔྱད་འདེམས་ཨུ་ལྷན་བཙུགས་ནས་འོས་མིའི་འགྲེལ་བརྗོད་དང་ལས་གཞིའི་དཔལ་འབྱོར་ཕན་འབྲས་སོགས་གནས་ཚུལ་ལ་དམིགས་ནས་ཕྱོགས་བསྡུས་ངང་སྐར་མ་བརྒྱབ་སྟེ། བྱ་དགའ་ཨང་དང་པོ2དང་བྱ་དགའ་ཨང་གཉིས་པ4བྱ་དགའ་ཨང་གསུམ་པ6ཡུལ་སྡེ་དར་རྒྱས་ཀྱི་བྱས་རྗེས་བྱ་དགའ22རྩ་འཛུགས་ཡག་པོའི་བྱ་དགའ6དཔྱད་འདེམས་བྱས་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)