国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགུན་དུས་ཀྱི་ཡར་འབྲོག་གཡུ་མཚོ།

ཡར་འབྲོག་གཡུ་མཚོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་མངའ་ཁོངས་སུ་མཚོ་འཕགས་སྨི4400ཡོད་པའི་སར་གནས་ཤིང་། བཟོ་དབྱིབས་བཀོད་པ་ནི་འཇིགས་སུ་རུང་བའི་འབུ་སྲིན་སྡིག་པ་ར་ཙ་དང་འདྲ་ལ། ལྷོ་ཞེང་ཆེ་ལ་བྱང་ངོས་གུ་དོག་པ་དང་མཚོ་རྒྱུད་དུ་མཚོ་ལོག་སྡོམ་གྱི་ལུག་ལག་བརྐྱངས་པ་ལྟར་ཆགས། མཚོའི་དཀྱིལ་དུ་གླིང་ཕྲན21ཡོད་པའི་ནང་གླིང་ཕྲན་གསུམ་གྱི་སྟེང་དགོན་པ་ཡོད་པ་དང་། གླིང་ཕྲན་གཉིས་ཀྱི་སྟེང་ཁག་སོ་སོར་ཡུལ་མི་དུད་ཚང་བཅུ་གྲངས་རེ་གནས་ཤིང་། དེ་མིན་གྱི་གླིང་ཕྲན་ནི་མི་མེད་བྱ་ཡི་གླིང་ཕྲན་ཡིན་པ་དང་།གླིང་ཕྲན་དེ་ཚོའི་ཐོག་འདབ་ཆགས་རིགས་སྣ་ཚོགས་འཛོམས་ཤིང་། འདབ་ཆགས་ཀྱི་གྲངས་ཀ་ཧ་ལས་དགོས་པ་མང་པོ་ཡོད་སྟབས་དཔྱིད་ཀར་གླིང་ཕྲན་ཐོག་བསྐྱོད་ཚེ་འདབ་ཆགས་ཀྱིས་ནམ་མཁའ་བསྒྲིབས་པ་དང་། སྒོ་ངས་རྐང་པ་འཛུགས་ས་མེད་པས་དེར་འདབ་ཆགས་ཀྱི་འཇིག་རྟེན་དང་སྒོ་ངའི་རྒྱ་མཚོ་ཞེས་ཟེར་བ་དང་། ད་དུང་གླིང་ཕྲན་དེ་དག་གི་ཐོག་རང་བྱུང་ཉི་གདུགས་ལྟ་བུའི་ཤུག་པ་སོགས་ཤིང་རིགས་དང་སྒྱུ་རྩལ་མཁས་པས་ཆེད་དུ་བཟོས་པ་ལྟ་བུའི་ཕ་བོང་ངོ་མཚར་ཅན་མང་པོ་ཡོད། མཚོ་འདིའི་མིང་ལ་ཡར་འབྲོག་གཡུ་མཚོ་ཞེས་ཟེར་བའི་ཡར་འབྲུག་ནི་མཚོ་གནས་ཡུལ་ས་ཆའི་མིང་ཡིན་པ་དང་། གཡུ་མཚོ་ནི་མཚོ་མདངས་རིན་ཆེན་གཡུ་ལྟར་སྔོ་བས་སམ་ཡང་ན་མཚོ་འདི་རིན་ཆེན་གཡུ་ལྟར་རིན་ཐང་བྲལ་བའི་གནས་མཚོ་རྩ་ཆེན་ཞིག་ཡིན་པས་དེ་ལྟར་བརྗོད། འདིའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་ལོ་རེར་ཡུལ་སྐོར་བ་མང་པོ་མཚེའུ་ཡི་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡོད་པ་རེད། ། ( རྩོམ་སྒྲིག་པས་འཚོལ་སྡུད་བྱས།)

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅང་ཧྥན་གྱིས་པར་བླངས།