སྤྱི་ཟླ12པའི་ཚེས26ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་པ་རེད། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་ཤིང་། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས། 2022ལོའི་སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་ལས་དོན་ཕྱོགས་བསྡོམས། ད་སྔའི་དཔལ་འབྱོར་གནས་བབས་དབྱེ་ཞིབ། 2023ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱེད་པ་བཅས་ཡིན་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་ཧོང་ཆང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་གྲོས་ཚོགས་སུ་ཞུགས་པ་རེད།
གྲོས་ཚོགས་ཐོག་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གི་གསུང་བཤད་གལ་ཆེན་ལས་ཁྱོན་ཡོངས་ནས་ད་ལོའི་དཔལ་འབྱོར་ལས་དོན་དང་དུས་རབས་གསར་པའི་ལོ་ངོ་བཅུའི་རླབས་ཆེ་བའི་བཅོས་བསྒྱུར་ལ་ཕྱོགས་བསྡོམས་མཛད་པ་དང་། ད་སྔའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གཏིང་ཟབ་པོའི་སྒོ་ནས་དབྱེ་ཞིབ་མཛད་དེ། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱི་ཡོངས་ཀྱི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་གསལ་བོར་བསྟན་བར་མ་ཟད། སང་ལོའི་དཔལ་འབྱོར་ལས་དོན་གྱི་གནད་དོན་ཆེན་པོར་གསལ་འགྲེལ་གནང་བས། དེ་ལ་འཐབ་ཇུས་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ལྡན་ཞིང་། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གསུང་རབ་གཞན་ཞིག་ཡིན་པ་དང་། སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོར་བསྒྲུབ་པར་བསྲུང་བྱ་གལ་ཆེན་མཁོ་འདོན་བྱས་པ་རེད། ཙུང་ལི་ལི་ཁེ་ཆང་གིས་སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཆ་ཚང་གནང་བ་དང་། བློ་མཐུན་ལི་ཆང་གིས་གྲོས་ཚོགས་ཀྱི་སྙིང་དོན་ཁོང་དུ་ཆུད་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབ་རྒྱུར་བླང་བྱ་གལ་ཆེན་བཏོན་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་བླངས་པའི་རླབས་ཆེ་བའི་གྲུབ་འབྲས་དང་དཔལ་འབྱོར་ལས་དོན་ལེགས་པོར་བསྒྲུབ་པའི་ཆོས་ཉིད་རང་བཞིན་ཁོང་དུ་ཡང་དག་པར་ཆུད་དགོས་པ་དང་། ཏང་ཀྲུང་དབྱང་གིས་ད་སྔའི་དཔལ་འབྱོར་གནས་བབ་དང་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་ཐད་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་པར་ཁོང་དུ་ཡང་དག་པར་ཆུད་པ། སང་ལོའི་དཔལ་འབྱོར་ལས་དོན་གྱི་བླང་བྱ་དང་དམིགས་འབེན། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་ཁོང་དུ་ཡང་དག་པར་ཆུད་པ། སང་ལོའི་དཔལ་འབྱོར་ལས་ཀའི་གནད་དོན་ཆེན་པོ་དང་བཀོད་སྒྲིག་གལ་ཆེན་ཁོང་དུ་ཡང་དག་པར་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱ་དགོས།
(པར་ངོས་བཞི་པར་གཟིགས།)