སྤྱི་ཟླ12པའི་ཚེས30ཉིན་ལ། གསར་འགོད་པས་ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་དང་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ2023ལོའི་སྤྱི་ཟླ་དང་པོའི་ཚེས2ནས5བར་དར་མདོར་འཚོག་རྒྱུ་རེད། འདི་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། སྐབས་དེར་འཕྲིན་སྦྱོར་ཁག་གིས་ཁུལ་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་འཕྲིན་ལམ་དུ་མ་ནས་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་རེད།།
( ཐུབ་བསྟན་གྱིས་བྲིས།)