རྟའུ་རྫོང་གིས་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་
བཏང་ནས་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས།
ཉེ་བའི་ལོ་འདི་ཁ་ཤས་རིང་། རྟའུ་རྫོང་ཤིན་ཏུ་དབུལ་པོའི་རྫོང་ནས2019ལོར་སྤུས་ཚད་མཐོ་བའི་དབུལ་ཐར་མངོན་དུ་གྱུར། དེའི་རིང་དུ་དཀའ་ངལ་ཁྱད་བསད་དང་འགག་སྒྲོལ་དཀའ་སེལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དཔྱད་ཞིབ་ཐེངས་གསུམ་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ“བཟང་པོའི”རིམ་པ་དང་ཁུལ་ཡོངས་ཀྱི2019ལོའི་དབུལ་ཐར་འགག་སྒྲོལ་གྱི་དཔྱད་ཞིབ་ཀྱི་གྲུབ་འབྲས་ཨང་དང་པོ་ཐོབ་པ་རེད།
“རྒྱལ་ཁ་ལེན་ས་དཀའ་མོ་མེད།། རྒྱལ་ཁ་སྲུང་འཛིན་བྱེད་ས་དཀའ་མོ་རེད།།” དབུལ་ཐར་ནི་མཐའ་སྣེ་མིན་པར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་ལ་མུ་མཐུད་ནས་སྐུལ་འདེད་གཏང་རྒྱུ་ནི་ལས་འགན་ཆེ་ཞིང་ལམ་ཐག་རིང་བར་བརྟེན།སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་རླངས་འཁོར་གྱི་འཁོར་ལོ་མུ་མཐུད་ནས་མདུན་ཕྱོགས་སུ་བསྐྱོད་ངེས།
དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་སྐབས། རྟའུ་རྫོང་གིས“1234”འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་ཏེ་རྩ་འཛུགས་ཀྱི་སྣེ་ཁྲིད་དང་སྲ་བརྟན་རྒྱ་སྐྱེད། འབྲེལ་མཐུད་ནུས་ལྡན་བཅས་བྱས་པ་དང་། འགན་འཁྲི་དང་སྲིད་ཇུས། ལས་དོན་བཅས་ཀྱི“དོན་འཁྱོལ་གསུམ”དང་ཕན་འབྲས་སྲ་བརྟན་ཡོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལས་དོན་ཁག་དམ་འཛིན་དང་གནད་འཁེལ། ཏན་ཏིག་བཅས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་དབུལ་ཐར་གྱི་རྨང་གཞི་སྔར་བས་བརྟན་པོ་དང་།ཕན་འབྲས་སྔར་བས་རྒྱུན་མཐུད། ཡུལ་སྡེ་དར་རྒྱས་འབྲེལ་མཐུད་དེ་བས་ཕན་འབྲས་ཐོབ་པ་བྱས།
རྩ་འཛུགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི“དམག་འཐབ་མཁར་རྫོང”བརྟན་པོར་བསྐྲུན། མེ་འཁོར་ཅི་འདྲ་རྒྱུག་རྒྱུ་འཁོར་མགོ་ལ་རག་ལས་ཞེས་པ་ལྟར། ལོ་གཉིས་ཀྱི་རིང་དུ་རྟའུ་རྫོང་གིས”མེད་པ་མི་གཏོང་བ་བཞིའི“བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས། རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན་གྱིས“འགོ་འཛིན་ཟུང”དང“རིམ་པ་ལྔའི་ཧྲུའུ་ཅི”དུས་མཉམ་དུ་དམ་འཛིན་བྱེད་པའི་བཀོད་འདོམས་མ་ལག་རྒྱུན་འཛིན་བྱས། ཆ་འཕྲིན་གཞི་གྲངས་མཉམ་སྤྱོད་དེ་ཟླ་རེའི་སྙན་ཞུའི་ལམ་ལུགས་དང་འབྲེལ་མཐུད་བྱས་ཤིང་། རྟའུ་རྫོང་གི་གྲོང་སྡེ་རིམ་པའི་དུད་ཁྱིམ་གྱིས་ཞིབ་དཔྱད་པའི་ལམ་ལུགས་དུས་ཐོག་ཏུ་བཙུགས་ནས་འཐུས་ཚང་དུ་བཏང་། གྲོང་སྡེ་ལ་བཅའ་སྡོད་ལས་དོན་རུ་ཁག་གི་ཁོངས་མི270ལེགས་སྒྲིག་བྱས། གྲོང་སྡེ་རིམ་པའི་དུད་ཁྱིམ་ཞིབ་དཔྱད་པ493དོན་འཁྱོལ་དང་ ཁྱོན་ཡོངས་ལ་ཁྱབ་པའི་དྲ་བའི་མ་ལག་ཆགས་པར་བྱས། རྫོང་དང་ཡུལ་ཤོག། གྲོང་སྡེ། ཚོགས་ཆུང་བཅས་ཀྱི“རིམ་པ་བཞིའི་འགན་ལེན་ལས་བྱེད་པའི”ཚགས་བཤེར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་འགན་འཁྲི་སྔར་བས་ཏན་ཏིག་བཏང་། སྔ་རྗེས་སུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་ཡུལ་སྡེ་དར་རྒྱས་གཏོང་བར་འབྲེལ་མཐུད་བྱེད་པའི་ལས་དོན་གྱི་ཆེད་དོན་གྲོས་ཚོགས་ཐེངས11འཚོགས། རྫོང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས28དང་རྫོང་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས20འཚོགས་ནས་སྲིད་ཇུས་འགྲེལ་བཤད་དང་ལས་འགན་བཀོད་སྒྲིག་དམ་འཛིན་གཏིང་ཟབ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལ་དབྱེ་ཞིབ་དང་སྲ་བརྟན་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གནད་འཁེལ་བཅས་བྱས་ཏེ། རྣམ་པ་གསར་ཤོས་དང་བྱ་སྤྱོད་ཆེ་ཤོས། ཁོར་ཡུག་བཟང་ཤོས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་མི་འགྲོ་བའི་གཞི་ཁྱོན་རང་བཞིན་བསྐྱར་ལོག་བྱུང་བར་འགོག་པའི་གཞི་ཐིག་བརྟན་སྲུང་བྱས།
བརྟན་བརླིང་དང་རྒྱ་སྐྱེད་གཏོང་བའི་ལས་དོན་ཡག་པོ་སྤེལ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི“གྲུབ་འབྲས་རྟེན་གཞི”ཇེ་བརྟན་དུ་བཏང་། འགོག་སྲུང་ཡག་ཤོས་ནི་ཕར་རྒོལ་རེད། ལོ་གཉིས་རིང་རྟའུ་རྫོང་གིས་ལས་དོན་ཧུར་ཐག་སྤེལ་བ་དང་གོམ་སྟབས་ཆེན་པོས་དཔལ་འབྱོར་དོན་གཉེར་དང་གོང་འཕེལ་བརྟན་པོ། འཕེལ་རྒྱས་དམ་འཛིན་བཅས་བྱས་ནས་དབུལ་ཐར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ཡུལ་སྡེ་དར་རྒྱས་ཀྱི་ཕྱོགས་སུ་མགྱོགས་མྱུར་བསྐྱོད་ཡོད། སྟོང་ཝ་ཁྲི150ཡི“1+N”ཡི་འོད་ཤུགས་ལས་གཞི་བདེ་བླག་ངང་ལས་འགོ་ཚུགས་པ་དང་། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་གླིང་ག་འཛུགས་སྐྱོང་བྱེད་པའི་རྟའུ་ཡི་ས་མཚངས་དུམ་བུ་ལས་འགོ་ཚུགས་རན་ཡོད། “གཞུང་ལམ་གསར་པའི”མྱུར་བགྲོད་གཞུང་ལམ་ལས་གཞི་སྔ་སྣུར་དུ་ལས་འགོ་བཙུགས་ནས་གཙོ་གནད་ལས་གཞི་རེ་རེ་བཞིན་རྟའུ་རྫོང་དུ་ལག་བསྟར་བྱས་པས་རྟའུ་ཡི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་ཕྱིན་ཡོད། ཞིང་ཆེན་རིམ་པའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཁུལ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་རྒྱལ་ཁའི་ངང་བཏོད་དེ་རྟའུ་ཡི་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས། གསེག་མ་གླིང་ག་དང་ཤར་སྟོད་བཞག་བྲ་སོགསAརིམ་པའི་མཛེས་ལྗོངས་ཁུལ9ཡི་མཚན་སྙན་ཡོངས་ལ་ཁྱབ་ནས་རྟའུ་ཡི་ཐོན་ཁུངས་སྤུས་རྟགས་སུ་གྱུར་དང་འགྱུར་བཞིན་ཡོད།
འབྲེལ་མཐུད་ནུས་ལྡན་ཡག་པོ་ཡོང་བ་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི“མཛེས་སྡུག་གི་ཁྱིམ་གཞིས”འཛུགས་སྐྱོང་བྱས། ཡུལ་སྐོར་གྲོང་གསར་སྐུན་བུ་གྲོང་སྡེ་དང་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་སྡེ་གདོང་ལེན་གྲོང་སྡེ། ཡུལ་སྡེ་དར་རྒྱས་གཏོང་བའི་འཆར་གཞི་ཆེན་པོ་གསུམ་གྱི་དཔེ་མཚོན་གྲོང་སྡེ་ལུང་ཕུག་གྲོང་སྡེ་སོགས་སྲིད་འཛིན་གྲོང་སྡེ118ལ་རང་རང་སོ་སོའི་ཁྱད་ཆོས་ལྡན་ཞིང་གང་སར་མཛེས་ལྗོངས་ཡོད་པས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་མཛེས་ལྗོངས་ཤིག་མངོན་ཡོད་པ་རེད། དཔུང་ཁག་ལྔ་དང་གྲངས་བསགས་སྒོ་རྩིས་ཚོང་ཁང་། སྐོར་སྐྱོད་དར་དམར་བཅས་རྣམ་པ་ཆགས་པ་དང་བསྟུན་ནས་གཞི་རིམ་གྱི་གྲོང་ཁོངས་བཅོས་སྐྱོང་ཐད་དར་སྲོལ་གསར་པ་ཆགས། ཝུའུ་ཁྲེང་ཆུས་དང་ཕི་ཏུའུ་ཆུས། ཞིང་ཆེན་ཐད་གཏོགས་བཅས་ཀྱི་ཁེ་ལས6གི་རོགས་སྐྱོར་མ་དངུལ་སྒོར་ཁྲི8387ཡིས་རོགས་སྐྱོར་ནུས་ལྡན་དང་རོགས་སྐྱོར་ལས་བྱེད་པ55མངགས་གཏོང་བྱས་པ་བཅས་རེད། མཛེས་སྡུག་ལྡན་པའི་ཡུལ་སྡེ་ཆར་རྗེས་ཀྱི་ཤ་མོང་བཞིན་ཇེ་ཡག་ནས་ཇེ་ཡག་རེད། རྫོང་ཡོངས་ཀྱིས་གཙོ་གནད་རོགས་སྐྱོར་གྲོང་སྡེ9བདེ་བླག་ངང་བཏོད་པ་དང་དཔེ་སྟོན་གྲོང་སྡེ5དང་སྤུས་དག་གྲོང་སྡེ་གཅིག་བཅས་གསོ་སྐྱོང་བྱས། ཁུལ་རིམ་པའི་ཞིང་པའི་མཉམ་ལས་ཁང་གཅིག་དང་ཁུལ་རིམ་པའི་ཁྱིམ་ཚང་ཞིང་ར་གཅིག་བཅས་གསོ་སྐྱོང་བྱས། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས། སྤོབས་སེམས་བཅས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།
འཚོལ་ཞིབ་དང་ལག་ལེན་བྱེད་ཐེངས་རེ་རེའི་ཁྲོད་རྟའུ་ཡིས་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་བཏོད་པ་དང་། གཤིས་ཆུའི་འགྲམ་གྱི་བུ་དང་བུ་མོ་ཚོར་མདུན་སྐྱོད་དང་ཡུལ་སྡེ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་གསར་དུ་ཧུར་གྱིས་བསྐྱོད་པར་སྐུལ་འདེད་བཏང་ངོ།། (རྟ་མགྲིན་རྡོ་རྗེས་བསྒྱུར།)