国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞབས་རྗེས་གངས་ལ་བཞག་པའི་དགེ་ཆོས།

བསིལ་རླུང་ལྷོ་ནས་གཡུག་པའི་གངས་རི་དེའི་འདབས་ན།།

ཆར་ཟིམ་མར་མར་བབས་པའི་གྲོང་སྡེ་དེའི་ཕུ་ན།།

བསམ་བློའི་རྒྱབ་ལྗོངས་གཙང་བའི་ཨ་མདོ་བའི་མི་ཕོ།།

གནམ་ས་འཐབ་པའི་ལོ་ཚིགས་དེབ་དཀར་གྱི་འཕྲོ་མ།།

བསྐྱུར་ཏེ་སྨྲེང་མའི་མགུར་དབྱངས་རྒྱང་རིང་དུ་འཐེན་ཞོར།།

རྐང་རྗེན་ལྕགས་ཐག་སྦྲེལ་མར་གང་ཞིག་ཏུ་ཕེབས་སོང་།།

དབང་ཐང་གསེར་བྲིས་སྐུད་པ་སྙན་ངག་གི་གཤོག་རྒྱ།།

ངག་ཚིག་གསེར་གྱི་ཐང་མ་སྙིང་དབུས་ཀྱི་ནོར་བུ།།

སྒེར་གཅོད་འདོད་སྡོམ་ལྕགས་སྒྲོག་རྙི་རྒྱ་དག་བཅད་དེ།།

ལྷ་ས་ལྷ་ཡི་ཞིང་ནས་གང་ཞིག་ལ་འཕུར་སོང་།།

རྒྱ་གར་ཤར་ནུབ་བསྐོར་བའི་དགེ་བཤེས་ཀྱི་མཚན་ཅན།།

རྒྱལ་ཁམས་རིག་པས་བསྐོར་བའི་ཨ་མདོ་བའི་དགེ་ཆོས།།

ཉེས་མེད་གསེར་ལས་ལྷག་པའི་རིན་ཆེན་གྱི་མི་ལུས།།

སྐེ་ཤིང་གཟེར་བུ་གྱོན་ཏེ་གང་ཞིག་ལ་ཕེབས་སོང་།།

༼ གངས་འོད། ༽