国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུང་དཀར་ལུང་པའི་ལྗོངས་ཁུལ་དུ་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱུག་འགྲན་སྐབས་བཅུ་པ་གཉེར།

སྤྱི་ཟླ་དང་པོའི་ཚེས22ཉིན་གྱི་སྔ་དྲོར། འབོ་ཞབས་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་ཚོགས་སྐབས་བཅུ་པ་འབོ་ཞབས་གྲོང་རྡལ་གངས་དཀར་ཐང་ཆེན་དུ་སྤེལ་འགོ་བཙུགས་ཤིང་། དེ་ནི་དུང་དཀར་ལུང་པ་ལྗོངས་ཁུལ་དུ་ལོ་གསུམ་སོང་རྗེས་སླར་ཡང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་བ་ཞིག་ཡིན་པ་རེད། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་སྡེ་ཚན། གྲོང་སྡེའི་ཡུལ་མི་ལས་གྲུབ་པའི་འགྲན་རྒྱུག་པ་བརྒྱ་ལྷག་གངས་དཀར་ཐང་ཆེན་ནས་རྒྱུག་འགོ་བཙུགས་ཏེ་གངས་དཀར་ལམ་ཆེན་བརྒྱུད་དེ་ལམ་ཐག་སྤྱི་ལེ3བརྒྱུགས་མཐར་ཁུག་རྟ་ལུང་པའི་གྲོང་རྡལ་གྱི་ཡུལ་མི་ཆུའུ་ཀྲི་ལེ་ལ་སྐྱེས་པའི་བྱ་དགའ་ཨང་དང་པོ་དང་ཡུལ་མི་ལི་སི་ཆི་ལ་བུད་མེད་ཀྱི་བྱ་དགའ་ཨང་དང་པོ་ཐོབ། རྒྱུག་ཤར་འགྲན་བསྡུར་ནང་ཞུགས་མཁན་ལོ་ན8ལ་སོན་པའི་བྱིས་པ་ཡོད་པ་དང་ལོ་ན60ལ་སོན་པའི་བགྲེས་སོང་ཡང་ཡོད། ཐེངས་འདིའི་འགྲན་རྒྱུག་གི་དམིགས་ཡུལ་ནི་མང་ཚོགས་ཀྱིས་ལོ་སར་བསུ་བ་དང་ལུས་རྩལ་སྦྱོང་བརྡར་ཐོག་ནས་སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱིས་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀ་ཁག་ནང་ཞུགས་རྒྱུ་དེ་ཡིན་ནོ།།