ཞོགས་རྫ་རྔ།དངོས་མིང་ལ་ཀརྨ་སེང་གེར་འབོད། ༢༠༠༠ ལོའི་དགུན་ཁར་འབྲོག་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཕ་ཡུལ་ཁམས་ཕྱོགས་འཇོ་མདའ་ནས་ཡིན། ཆུང་དུས་གྲོང་ཆོག་རུ་འགྲོ་བ་དང་སྐབས་རེར་རྫི་བོ་ཡང་བྱས། ལོ་བཅུ་དྲུག་ནས་རྩོམ་རིག་ལ་ཚོད་ལྟ་བྱས། སློབ་སྦྱོང་གི་ཞོར་དུ་བྲིས་པའི་བརྩམས་ཆོས་ཉིས་བརྒྱ་ལྷག་ཙམ་ལས་འགའ་ཞིག་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་བཀོད་མྱོང་།