ས་སྲོས་ལ་ངུ་སྙིང་འདོད།
ཅི་ཞིག་བོར་སོང་བ་དང་འདྲ་བའི་
ས་སྲོས་གྲངས་མེད་ཅིག།
མཐའ་ཀླས་པའི་བསམ་གཞིག་གི་ཁྲོད་དུ་ལྷུང་།
སྐབས་སྐབས་སུ། ང་རང་བརྩེ་དུང་གི་ཡོངས་སུ་ཚིམས་ནས་
སྡུག་བསྔལ་གྱི་ཕོངས་བའི་སྐྱོ་བ་གང་མང་ཞིག།
ངལ་དུབ་ཀྱི་སྣང་བརྙན་རེ་རེ་འཁྲུལ་ན་འང་།
ཧ་ཅང་ཐང་ཆད་པའི་མི་ཧྲེང་དེའི་
ལྡབ་ལྡིབ་ཀྱི་ཆིག་ལབ་ངག་སྒོ་མིད།
སྙིང་དུ་སྡུག་པའི་མཆུ་སྒྲོས།
ངས་ད་དུང་རྨི་ལམ་གྱི་ངོགས་ནས་
འཆར་ཡན་ལྡན་པའི་ས་སྲོས་ཤིག་ལ།
ངས་བརྩེ་དུངས་དག་པས་ཁོ་མོ་ལ་རེ་སྒུག་བྱས།
བརྩེ་བའི་གཞས།
གྱེས་གདུང་གི་མིག་ཆུས་ངའི་བྱང་ཁོག་སྐྱོ་ཤས་ཀྱི་ཁྱབ།
བདག་གི་རྣམ་ཤེས་ལ་ཆག་གྲུམ་ཤོར།
ཉམ་ཐག་པ་འདྲ་བའི་བདག་གི་དོན་ལྔ་སྣོད་དྲུག།
སྐད་གསང་མཐོན་པོས་ཁྱོད་ཀྱི་གཅེས་མིང་།
ལན་གཅིག་འབོད་སྙིང་འདོད།
ཆེས་མི་སྡུག་པའི་སེམས་པ་འདི།
མ་ཡུམ་གྱི་མཉེན་འཇམ་ལྡན་པའི་ལག་ཟུང་གིས།
སྐད་ཅིག་ཙམ་ལ་བསལ་སོང་ན་བསམ།
ཁྱོད་ཀྱི་སེམས་ཚག་བྱས་པས།
ང་ཡི་འདོད་བློ་བཀང་།
ངས་ཁྱོད་ལ་ལེ་ལན་དང་འཁང་ར་བྱེད་འདོད་མེད་པར་
སྐྱོ་བའི་ནམ་ཟླ་མ་ལུས་པར་སེམས་ལ་སྦས་ནས་
ཡུད་ཙམ་གྱིས་ཁྱོད་ཀྱི་པང་ལ་མགོ་བོ་མཉེས་ཏེ་
བསྡད་ན་འདོད་ཨང་།
གྱེས་ཁ་མར།
མི་ཚོགས་ཀྱི་གསེབ་ནས་
ཁྱོད་ལ་ཡང་ཡང་བལྟས།
སླར་ཡང་ཁྱོད་ཀྱི་རྒྱབ་གཟུགས་ལ་ཡང་ཡང་བལྟས།
འུ་གཉིས་ཐག་རིང་པོར་ཕྱིན་ནའང་།
སེམས་ཐག་ཧ་ཅང་ཉེ་བ་ཤེས་སམ།
ཆེས་བློས་མི་ཐོངས་པའི་མིག་ཟུང་གིས།
ང་ལ་ངལ་དུབ་ཀྱི་སྐྱོ་བ་སྟེར་ཡོང་།
དུས་ཆད་མི་དགོས་པར་
ངང་གིས་ཕེབས་འོང་བའི་གྱེས་བྲལ།
དོན་དངོས་སུ་ནང་སེམས་ཁེར་རྐྱང་ཡིན་ན་ཡང་།
ཁྱོད་རང་སྐྱོ་སྐྱོ་མ་གནང་དང་འུ་གཉིས་མགྱོགས་པོར་ཐུག་ཡོང་གི་རེད།
སྙིང་ཉེ་བའི་མི།
༼ དུར་བྱང་། ༽