ཉེ་ཆར་རྨ་ཆུའི་ནུབ་ངོགས་སུ་ཡོད་པའི་ཧོ་དབྱང་རྨ་ཆུའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལྷ་བྱ་ཁྲུང་ཁྲུང་དཀར་མོ་གྲངས་འབོར་ཆིག་སྟོང་ལ་ཉེ་བ་ཐོན་ཡོད་པ་རེད། ཧོ་དབྱང་རྨ་ཆུའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཧྲཱན་ཞི་ཞིང་ཆེན་ཧོ་དབྱང་རྫོང་དུ་གནས་ཡོད་པ་དང་། སྲུང་སྐྱོང་ཁུལ་གྱི་གང་སར་འདམ་རྩྭས་ཁེངས་ཤིང་། ཉ་རྫིང་དང་ཞིང་ར་སྣོལ་མར་བསྟར་ནས་ཡོད། ཉེ་བའི་ལོ་ཤས་རིང་ཧོ་དབྱང་རྫོང་གིས་རྨོ་བསྐྱུར་བརླན་གསོ་དང་འདམ་ར་ཞན་འགྱུར་སླར་གསོ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་དེ་འདམ་རའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱས་པས་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
ད་ཆར་སྲུང་སྐྱོང་ཁུལ་དུ་བཞད་ནག་དང་ཁྲུང་ཁྲུང་མགོ་དམར། བཞད་སྐྱ། སྐྱར་མོ་སྐེ་རིང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་འདབ་ཆགས་རིགས་ཁྲི1ལྷག་ལ་ཡོད། རྨ་ཆུའི་འདམ་ར་མཛེས་སྡུག་ལྡན་པར་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད་དོ།། ( ཡེ་ཤེས་ཀྱིས་བསྒྱུར།)