国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ་བུ་མོ་མཚོ་འཕགས་དམའ་བའི་ས་གནས་ནས་དལ་གྱིས་ཕེབས།

ཡུལ་སྐོར་བ་ཚོས་ཀུའེ་ཀྲོའུ་ཞིང་ཆེན་ཏུའུ་ཏན་གྲོང་ཁྱེར་ཞའོ་ཝའོ་ཀྲའེ་ཁྲོམ་གཞུང་མཱ་ཝེ་གྲོང་ཚོའི་པད་ཁའི་མེ་ཏོག་ཞིང་དུ་རྩེད་འཇོ་བྱེད་བཞིན་པའི་ཚུལ།

ཡུལ་སྐོར་བས་ཁྲེང་ཏུའུ་གྲོང་ཁྱེར་ཝང་ཅང་སྤྱི་གླིང་གི་དཔྱིད་འགོ་མེ་ཏོག་ལྡུམ་རར་བརྙན་ལེན་པའི་ཚུལ།

ཡུལ་སྐོར་བས་ཁུན་མིང་ཉ་འཛིན་འདམ་ར་སྤྱི་གླིང་དུ་མེ་ཏོག་ལ་ལྟད་མོ་ལྟ་བཞིན་པའི་ཚུལ།

ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཡན་ཧྥེང་ཆུས་སྐར་ལྔའི་གྲོང་ཚོར་དཔྱིད་འགོ་ཚུགས་པའི་ཚུལ།

སུའུ་ཀྲོའུ་ཡི་རི་བོ་ཧོ་ཆིའུ་ཡི་ལྗོངས་ཁུལ་གྱི་མཆོད་རྟེན་འགྲམ་དུ་དཔྱིད་འགོ་མེ་ཏོག་ཡོངས་སུ་བཞད།

དཔྱིད་འགོ་ཚུགས་པའི་དུས་དང་བསྟུན་ནས་རང་རེའི་རྒྱལ་ཁབ་ཀྱི་མཚོ་འཕགས་དམའ་བའི་ས་གནས་ཁག་ཏུ་དཔྱིད་འགོ་མེ་ཏོག་བཞད་སྒང་ཡིན་ལ། དཔྱིད་འགོ་མེ་ཏོག་གིས་ས་གཞིར་མཛེས་མདངས་དང་གསོན་ཤུགས་སྔར་ན་མེད་པ་ཞིག་སྦྱིན་པ་དང་ཆབས་ཅིག། མི་རྣམས་ལ་རེ་བ་ཆེན་པོ་ཡང་བསྩལ་ཅིང་། ས་གནས་ཁག་གི་ཡུལ་སྐོར་བ་ཚོས་དཔྱིད་འགོའི་མེ་ཏོག་ལ་ལྟད་མོ་ལྟ་བའི་དུས་སུ་འཁེལ་ཡོད།