国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སར་གཡང་གི་མཆོད་ཁ།

རྟེན་འབྲེན་ལྷ་དར་དཀར་པོ།།

མཆོད་པའི་སྐྱེས་སུ་ཕུལ་ཡོད།།

དགོས་འདོད་གཡང་གི་ལྷ་སྐལ།།

ལོ་ཟླའི་མདངས་སུ་འཆར་ཡོང་།།

མཆོད་ཁ་ལན་གསུམ་བཏང་ཡོད།།

ཇ་ཆང་མཚར་གླུ་བླངས་ཡོད།།

ཟས་བཅུད་ཕུད་འཛོམས་ཕུལ་ནས།།

སྟོང་ལོ་གསར་པ་བསུས་ཡོད།།

སྙན་སྙན་ངག་གི་གདངས་ལ།།

ཡིད་འཕྲོག་མེ་ཏོག་བཞད་ཡོད།།

ཚིག་གི་གདངས་འཇོག་རེ་རེར།།

གཏན་བདེའི་ས་ལམ་གྲོལ་ཡོད།།

དགའ་སྤྲོའི་དུས་སྟོན་ཤར་བྱུང་།།

ཡིད་དགའ་སྤྲོ་སྐྱིད་སྤང་ཐང་།།

བརྩེ་བའི་ཞབས་བྲོ་རྒྱག་ས།།

མཛེས་སྤྲོའི་སྟངས་སྟབས་ངོམ་ས།།

དུས་སྟོན་ཉི་ཟླ་ཚེས་བྱུང་།།

འོད་ཀྱིས་ས་ཆེན་ཁྱབ་ནས།།

དད་དང་དག་པའི་འདུན་མ།།

དགེ་འབྲས་ལས་དང་འཕྲད་བྱུང་།།

ལོ་གསར་ཟླ་གསར་ཚེས་བྱུང་།།

བཀྲ་ཤིས་རྟེན་འབྲེལ་འདི་ལ།།

ཕུན་ཚོགས་ཚེས་ཀྱི་དཔལ་ཡོན།།

བཀྲ་ཤིས་དུས་ལོར་འདྲེས་སོང་།།

༼ ལྡོང་འཇིགས་སྲས། ༽