གཙང་པོ་གཡོ་བའི་རླབས་སྒྲའི་ཁྲོད་དུ།
ལོ་ཟླ་ཧྲིལ་བོ་གཅིག། འུར་ཟིང་ངང་ཟགས་ཟིན།
དྭངས་ཤིང་གཙང་བ་ལྟར།
འཛུམ་ཞིང་དགོད་པ་བཞིན།
སླར་ཡང་གཙང་པོ་སྐྱོམ་པ་དང་མཉམ་དུ།
ལོ་སར་གྱི་ཟེགས་མ་རེ་རེས་དབྱངས་ཀྱི་
སྐུད་པ་དཀྲོལ་དུས།
ཞོགས་པའི་འཛུམ་ཟེར་དང་ལྷན་དུ།
མགོ་ནག་རྟེན་འབྲེལ་གྱི་བདག་པོ་ངས་ཀྱང་།
ཉིན་མཚན་བདེ་ལེགས་ཀྱི་ཁ་བཏགས་
ལག་ཏུ་ཐོགས་ནས།
ཀི་བསྭོ་ལྷ་རྒྱལ་གྱི་འབོད་པ་རིང་མོ་
དབྱངས་སུ་གྱེར་ནས།
རྟགས་དང་རྟེན་འབྲེལ་གྱི་མཆོད་མེ་
རྐོང་གཅིག་སེམས་སུ་སྦར་ཚར།
༼ ལྷ་ཚང་ཚུལ་བསྟན། ༽