ཉི་གཞོན་གསར་བ་རི་ངོགས་འཛུམ་གྱིས་གྲོལ།།
བསང་དུད་སྔོན་མོ་བར་སྣང་ཁམས་སུ་ཁེབས།།
ཇ་ཆང་དྲི་བསུང་རི་ལུང་ཀུན་ལ་བཏུལ།།
ཁ་གཡང་གཙང་མས་སྡེ་གྲོང་ཡོངས་སུ་ལྡིར།།
འགྲོན་འབོད་དབྱངས་རྟ་བར་མེད་མཐུད་དུ་སྒྲོག །
མི་ཚོགས་གད་སྒྲ་སྡེ་བའི་སྟོད་སྨད་ཁྱབ།།
འདི་ལྟར་ཡང་ཡང་ཁྱབ་པའི་སྨོན་ལམ་འདེབས།།
དཀར་དམར་སྡེར་ཁ་དགུ་བསྒྲིཊ་བྱས་པའི་དབུས།།
ཆོལ་གསུམ་ཕུ་ནུ་རྣམས་དང་ཞལ་འཛོམས་ནས།།
ཞལ་སྐྱེམས་མངར་མོ་ཞིག་ལ་མཉམ་རོལ་ཞོར།།
སྐྱིད་པའི་གཞས་ཆུང་སྙན་མོ་ངག་ལ་དཀུག །
དགའ་བའི་འཛུམ་ཆུང་དོད་པོ་གདོང་ལ་གསལ།།
ལྷན་དུ་འཛོམས་པས་གཞིས་ཁྱིམ་དྲོན་གྱིས་གང་།།
འདི་ལྟར་ཡང་ཡང་འཛོམས་པའི་སྨོན་ལམ་འདེབས།།
༼ བཙན་བྱོལ་བ། ༽
