བོད་ཆུ་མོ་ཡོས་ཀྱི་ལོ་གསར་པ་དང་། རང་རྒྱལ་མདོ་དབུས་ཁམས་གསུམ་གྱི་ས་གནས་ཁག་གིས་ལོ་སར་དགོང་ཚོགས་དང་། འབག་འཆམ། གླུ་བྲོ། རྟ་རྒྱུགས། གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་སོགས་བྱེད་སྒོ་སྣ་མང་སྤེལ་ནས་ལོ་གསར་པར་རྟེན་འབྲེལ་ཞུ་བ་དང་། དུས་རབས་གསར་པ་དང་འཚོ་བ་གསར་པར་བསྟོད་བསྔགས་བྱས་ཏེ། དགའ་སྐྱིད་འཛོམས་པའི་བོད་ཀྱི་ལོ་སར་བཏང་བ་རེད། བོད་ལོ་སར་ནི་བོད་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། 2011ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྐབས་གསུམ་པའི་མིང་གཞུང་དུ་ཚུད་པའི་ཆོག་མཆན་ཐོབ་ཡོད།།
(ཡེ་ཤེས་ཀྱིས་བྲིས།)