国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉིན་ཤས་བསྟུད་མར། རང་ཁུལ་གྱིས་ཞབས་ཞུའི་སྤུས་ཚད་ཇེ་མཐོ་དང་ཁྲོམ་རའི་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་གཏོང་བ། ཚོང་གཉེར་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་ཅིང་གཟིགས་སྐྱོང་སྲིད་ཇུས་ཤུགས་ཆེན་བཏོན་ནས། བྱ་ཐབས་སྣ་མང་སྤྱད་དེ་རིག་གནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད།

༄༅།། ཉེ་ཆར། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས2022ལོའི་ཞིང་ཆེན་ཡོངས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བསྔགས་བརྗོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཞིང་། རང་ཁུལ་གྱི་ཐུན་མོང་གཉིས་དང་མི་སྒེར་གསུམ་ལ2022ལོའི་ཞིང་ཆེན་ཡོངས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཁོངས་གཏོགས་ཀྱི་བསྔགས་བརྗོད་ཐོབ་པ་རེད།