ལས་འགོ་སླར་གསོ་བྱས་པ་ནས་བཟུང་། དར་མདོ་གྲོང་ཁྱེར་འགག་པ་ཡུལ་ཤོག་གི་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས་ལས་གཞིའི་དུས་མཚམས་དང་པོའི་ཆུ་གློག་ལམ་འཕྲིན་བཞི་ཡོད་པ་དང་ས་ཁོད་སྙོམས་པའི་ལས་དོན་དུས་ཚོད་དམ་འཛིན་ངང་སྤེལ་བཞིན་ཡོད། ཉེ་ཆར། གསར་འགོད་པས་འཛུགས་སྐྲུན་བྱ་ཡུལ་དུ་ལས་གཞི་འཛུགས་སྐྲུན་གྱི་ས་ཁོངས་ཧྲིལ་པོ་དབྱེ་འབྱེད་གཏན་འཁེལ་དང་། ཨར་ལས་མི་སྣས་འཕྲུལ་ཆས་སྤྱད་དེ་སྔོག་འདོན་དང་ཁ་སྐོང་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་མཐོང་། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོད་སྙོམས་པ་ཕུད་དུས་མཚམས་དེར་ད་དུང་ལས་གཞིའི་ས་ཆར་ཆུ་དང་། གློག། ལམ། འཕྲིན་གཏོང་ཡོད་པ་བྱ་རྒྱུ་རེད།
རྒྱལ་ཁབ་གློག་དྲྭ་སི་ཁྲོན་གློག་ཤུགས་གློག་གཏོང་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཞིའི་གཉེར་དཔོན་གྱིས་འདི་ལོའི་ལོ་སྟོད་དུ་དར་མདོ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་ལ་དམིགས་ཏེ་ཐོན་ལས་དམ་དུ་བཟུང་ནས་འགག་པ་ཡུལ་ཤོག་ཏུ་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས་བསྐྲུན་རྒྱུར་བསྐུལ་ནས་དེའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། ང་ཚོས་ད་ལྟ་སྐྲུན་བཞིན་པ་ནི་དཀར་མཛེས་ཁུལ་གྱི་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས་ཀྱི་གསར་དུ་སྐྲུན་པའི་ལས་གྲྭའི་ཆུ་གློག་ལམ་འཕྲིན་བཞི་ཡོད་པ་དང་ས་ཁོད་སྙོམས་པའི་ལས་གཞི་ཡིན་པ་དང་། ད་ལྟ་ཨར་ལས་བྱེད་བཞིན་པ་ནི་ས་རྡོ་སྔོག་པ་དང་བསྐྱར་དུ་ཁ་སྐོང་སོགས་ཡིན་ཞིང་། སྔོན་དཔག་བྱས་ན2023ལོའི་སྤྱི་ཟླ5པའི་ཚེས25ཉིན་རྩིས་སྤྲོད་པའི་ཆ་རྐྱེན་འཛོམས་པ་དང་ཕྱིན་ཆད་ང་ཚོས་ལས་གྲྭ་གཙོ་བོ་སྐྲུན་པའི་དུས་མཚམས་སུ་སླེབས་རྒྱུ་རེད་ཅེས་བཤད།
འགག་པ་ཡུལ་ཤོག་ལི་ཆུ་གྲོང་སྡེར་གནས་པའི་དཀར་མཛེས་ཁུལ་གྱི་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས་ནི་དར་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ78ཡོད་པ་དང་། སི་ཁྲོན་དང་ཁྲུང་ཆིང་གི་གློག་རྒྱུག་མཐོ་གནོན་ཆེ་ཤོས་ཀྱི་ལས་གྲྭའི་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས4བསྐྲུན་དགོས་པའི་ཐོག་མ་ཡིན། དེ་ནི་སི་ཁྲོན་ཞིང་ཆེན་ནང་ཁུལ་དུ་བསྐྲུན་པའི་གློག་སྟོང་ཧྥུ1000གི་གློག་སྒྱུར་ས་ཚུགས་ཀྱི་གྲས་ཤིག་ཡིན། ལས་གྲྭ་དེ2022ལོའི་སྤྱི་ཟླ11པའི་ཚེས15ཉིན་དངོས་སུ་ལས་འགོ་བཙུགས་པ་དང་སྔོན་དཔག་བྱས་ན2025ལོའི་སྤྱི་ཟླ6པའི་ཚེས30ཉིན་བསྐྲུན་ཐུབ་ལ་ལས་གཞི་ཡོངས་ཀྱི་རྒྱ་ཁྱོན་མུའུ355.2ལ་ཟིན་པ་རེད།།
(ཀུན་དགས་བསྒྱུར།)