国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ལྷ་སའི་སྲོལ་རྒྱུན་ལོ་སར་རྟ་རྒྱུག།

རྟ་པས་མདའ་འཕེན་བཞིན་པའི་ཚུལ།

རྟ་ཐོག་མི་གཉིས་ཀྱིས་འཁྲབ་རྩལ་ངོམ་བཞིན་པའི་ཚུལ།

རྟ་རྩལ་ཡུལ་དངོས།

རྟ་པས་རྩལ་བྱེད་བཞིན་པའི་ཚུལ།

རྟ་ཐོག་ནས་ཁ་དར་ལེན་བཞིན་པའི་ཚུལ།

སྨི5000ཡི་རྟ་རྒྱུག་འགྲན་བསྡུར་སྤེལ་བཞིན་པའི་ཚུལ།

རྟ་པ་དང་རྟའི་བར་གྱི་བརྩེ་བ།

2023ལོའི་བོད་ལྗོངས་ལྷ་སའི་བོད་ཆུ་ཡོས་ལོའི་ལོ་སར་གྱི་མི་རིགས་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་དང་རྟ་རྒྱུག་བྱེད་སྒོ་ལྷ་ས་གྲོང་ཁྱེར་རྟ་རྒྱུག་འགྲན་རར་སྤེལ། མཐོ་སྒང་གི་རྟ་པ་ཚོས་རྟ་ཕོ་ལྕག་གིས་བསྐུལ་ཏེ་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོར་བརྟེན་ནས་ལོ་སར་ལ་རྟེན་འབྲེལ་ཞུས་པ་རེད། རྟ་ཐོག་རྩལ་འགྲན་ནི་བཀྲ་ཤིས་པ་དང་དཔའ་ངར་ལྡན་པ། བློ་གྲོས་འཛོམས་པའི་མཚོན་རྟགས་ཤིག་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་འགུལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལོ་རེའི་བོད་ལོ་སར་ཚེས3ཉིན་ལ་མི་རིགས་ཀྱི་སྲོལ་རྒྱུན་རྟ་ཐོག་རྩལ་འགྲན་བྱ་རྒྱུའི་གོམས་སྲོལ་ཞིག་ཆགས་ནས་མང་ཚོགས་རྒྱ་ཆེན་གྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།།