༣.༨ བུད་མེད་དུས་ཆེན་ལ།
མིག་མདངས་སུ་སིམ་པའི་རི་མོ།
མཚོན་ཐབས་གཞན་ཞིག་མི་འདུག།
གྲིབ་མའི་མཆུ་སྒྲོས་ལས།
ཞིམ་མངར་གྱི་འོ་འབྱོག་སྟེར།
སྨིན་མཚམས་དོད་པའི་མྱོས་བུམ།
མཆོར་སྒེག་གི་རླུང་བུ་ལྷོད་འཇགས་བཏང་།
ལྡེམ་འགྲོས་ཀྱི་གར།
འཚོ་བའི་མེ་ལོང་འཛུམ་དུ་བཅུག།
ངག་གི་འཇམ་ཤ།
མྱོང་མི་འཚར་བའི་འོ་ཡང་ཡང་བྱེད།
དུང་ལྟར་དཀར་པའི་བརླ།
བལྟས་པས་ལུས་སེམས་གཉིས་ཀ་ཚིམ།
རྨི་ལམ་གྱི་གྱོན་པ།
ག་ལེར་བཤུ་འགྲོ།
ཚོར་བའི་ཡལ་གར།
ལས་ཀྱི་བྱིའུ་ཆུང་འཁོར།
ལྗོན་པའི་འོད་ཟེར་རེ་ལ།
མ་འོངས་པའི་ཁྱོད་རང་ཡང་ཡང་བརླན།
༼ གུ་དཔལ་ཤིས། ༽
