国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་སྒྲོན་ནང་གི་གྲོས་འགོ་འདི་དག་ང་ཚོ་དང་འབྲེལ་ བ་ལྷག་པར་ཆེ།

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང2023ལོའི་ལས་དོན་ལ་བཏོན་པའི་གྲོས་འགོ་འདི་དག་ང་ཚོ་ཚང་མ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་གཤམ་དུ་གསལ།

གཅིག ལས་ཞུགས།

གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་མི་ཁྲི1200ཡས་མས་ལས་ཀར་ཞུགས་ཐུབ་པ་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ5.5 ཡས་མས་ལ་ཚོད་འཛིན་བྱ་རྒྱུ།

གཉིས། ཁྲལ་རིན་གཉིས་གཅོག།

ཁྲལ་རིན་ལྟ་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ད་ལྟ་ལག་ལེན་བསྟར་བཞིན་པའི་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་ཁྲལ་འགྱངས་སོགས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱ་དགོས་རིགས་རྒྱུན་འཁྱོངས་དང་ལེགས་བཅོས་བྱ་དགོས་རིགས་ལེགས་བཅོས་བྱ་རྒྱུ།

གསུམ། བདེ་ཐང་།

ད་སྔར། རང་རྒྱལ་གྱི་རིམས་ནད་འགོག་ཟོན་བྱ་རྒྱུ་དེ“རིགས་ཁ་པའི་དོ་དམ་བྱེད་སྟངས་ཁ་པ”ཡི་རྒྱུན་རྣམ་ཅན་གྱི་འགོག་ཟོན་དུས་མཚམས་སུ་སླེབས་ཤིང་། བདེ་ཐང་འགན་ལེན་དང་ནད་གཞི་ལྕི་རིགས་སྔོན་འགོག་ལ་དམིགས་ཏེ། གཙོ་གནད་དུ་རྒན་རྒོན་དང་། བྱིས་པ། གཞི་ནད་ཡོད་པའི་ཚོགས་སྤྱིའི་རིམས་ནད་འགོག་ཟོན་ལས་དོན་ཡག་པོ་སྒྲུབ་པ་དང་སྨན་བཅོས་སྐྱོབ་བཅོས་ཡག་པོ་བྱས་ཏེ། རིམས་འགོག་སྨན་ཁབ་ཀྱི་ནུས་པ་ཡག་ཏུ་གཏོང་བ་དང་སྨན་རྫས་གསར་པ་ཞིབ་བཟོར་སྐུལ་འདེད་གཏང་རྒྱུ།

བཞི། ཡོང་འབབ།

གྲོང་མིའི་ཡོང་འབབ་འཕར་རྒྱུ་དེ་དཔལ་འབྱོར་འཕར་བ་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་བྱ་རྒྱུ་དང་། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏང་རྒྱུ།

ལྔ། མ་དངུལ་འཇོག་པ།

ད་ལོ་ས་གནས་སྲིད་གཞུང་ལ་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི3.8བཀོད་སྒྲིག་བྱ་རྩིས་ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འདུ་འགོད་གལ་ཆེན་ལག་ལེན་མགྱོགས་པོ་བསྟར་ཏེ། དམངས་ཁྲོད་ཀྱི་མ་རྩ་སྔར་ལས་མང་བ་རྒྱལ་ཁབ་ཀྱི་འདུ་འགོད་གལ་ཆེན་དང་ཞན་ཆ་སེལ་བའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་སྐུལ་ལྕག་དང་ཡིད་དབང་འགུག་ཐུབ་པ་བྱས་ནས། དམངས་ཁྲོད་ཀྱི་མ་རྩའི་གསོན་ཤུགས་འཕེལ་བར་བྱ་རྒྱུ།

དྲུག དམངས་གཉེར་ཁེ་ལས།

དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་བ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ།

བདུན། ཡུལ་སྡེ་དར་རྒྱས།

ཡུལ་སྡེའི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་བཏང་ནས། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏང་རྒྱུ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་གཏན་ནས་མི་ཐེབས་པ་བྱ་རྒྱུ།

བརྒྱད། སྡོད་ཁང་།

སྡོད་ཁང་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། མ་ཉོ་ཀ་མེད་དང་རིམ་སྤོར་རང་བཞིན་གྱི་ཁང་པའི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་མི་གསར་པ་དང་གཞོན་ནུ་སོགས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ། ( མི་དམངས་དྲ་བ་ནས་དྲངས། )