国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་ གནད་བསྡུས།

༄༅།། ཉེ་ཆར། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་གྱི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་ཐོག་ཉེ་དུས་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བའི་སྙིང་དོན་དང་། ཞིང་ཆེན་ནགས་ཚལ་མེ་ཟོན་མེ་གསོད་བཀོད་འདོམས་གཞུང་དོན་ཁང་གི་ཉེན་ཟོན་སྔོན་བརྡ་ལི་མདོག་གི་བརྡ་ཐོའི་བླང་བྱ་སྒྲོག་སྦྱོང་དང་། ཉེ་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་བཀོད་སྒྲིག་བྱས་པ་རེད།།

༄༅།།ཉེ་ཆར། ཁུལ་ནགས་ལས་རྩྭ་ཐང་ཅུས་དང་ཁུལ་སྤྱི་བདེ་ཅུས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་བསྐུལ་ནས་མཉམ་དུ་སྲོག་ཆགས་སྲུང་སྐྱོབ་བྱ་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི“འཛམ་གླིང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཉིན་མོ”ཡི་དྲིལ་བསྒྲགས་བྱེད་སྒོ་ཐེངས་བཅུ་པ་སྤེལ་བ་རེད། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་ལས་སྒྲུབ་མི་སྣ30བཏང་བ་དང་། རིམ་རྩིས་བྱས་ན་དྲིལ་བསྒྲགས་སྦྱར་ཡིག20སྦྱར་བ། དྲིལ་བསྒྲགས་ཡིག་རིགས600ལྷག་དང་པར་རིས300ལྷག། དེ་བཞིན་དམངས་ཕན་དངོས་པོ200ལྷག་བཀྲམ་པ་རེད།།