国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཇུག་མ་རྫོགས་པའི་རྣམ་ཤེས།

འདས་སོང་བའི་ཁྱོད་ཀྱི་ལག་པ་གཉིས་ངའི་མིག་ལམ་ན་གཟེངས་འོང་།

དུས་ཚིགས་ཀྱིས་ཁྲིད་མི་ཐུབ་པའི་རྒྱབ་གཟུགས།

འདས་མ་ཚར་བའི་གྱང་ངོས་ནས་གཟེངས་འོང་།

ད་དུང་གཟིམས་མེད་པའི་གནས་ཚང་དེ་ཁྱོད་ཀྱི་གནས་ཚང་ཡིན་ནམ།

རྣམ་ཤེས་ཀྱི་ཁ་ཕྱོགས་དེ་གང་དུ་འགྲོ།

སྐབས་རེར་རྣམ་ཤེས་རང་ཡུལ་དུ་ཆགས་ནས་འདུག་ཅིང་།

ལན་རེར་དངོས་སུ་ཐོན་ཏེ་གནས་ཚང་གཡོར་བས།

དོན་དངོས་སུ་རྣམ་ཤེས་ལ་མཐའ་མེད།

༼ འཆིང་གྲོལ། ༽