国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ལྕགས་ཟམ་རྫོང་གི་ལས་དོན་བཞུགས་མོལ་ཚོགས་འདུར་

མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་ཞིང་། ཇུས་འགོད་མཁས་ལ་སྒྲུབ་ཕོད་པ། མདུན་སྐྱོད་ཞུམ་མེད་ཀྱིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་མགྱོགས་སུ་བཏང་ནས་དཀར་མཛེས་ཁུལ་གྱི་ཤར་སྒོ་ཤུགས་ཆེན་བསྐྲུན་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས30ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སྐབས་བརྗེས་རྗེས་ཚན་ཁག་འཁོར་སྐྱོད་བྱས་ཚུལ་ལ་བརྟག་ཞིབ་གནང་བར་མ་ཟད། ད་དུང་དུས་བབ་ལ་ཐུན་མོང་ཐོག་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཤུགས་ཆེན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཞིང་ཨུས་སི་ཁྲོན་དང་སི་ཁྲོན་བཅོས་སྒྲིག་གི་སྤྱིའི་སྣེ་ཁྲིད་དང་སྤྱིའི་དམ་འཛིན་བྱེད་ས། སྤྱིའི་བསམ་ཕྱོགས་བཅས་ལ་དམིགས་ཏེ་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་ཞིང་། ཇུས་འགོད་མཁས་ལ་སྒྲུབ་ཕོད་པ། མདུན་སྐྱོད་ཞུམ་མེད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་གནད་དུ་བྱས་ནས་སྐྱེ་ཁམས་ཀྱི་རྫོང་མཛེས་པོ་དང་། གསར་བརྗེའི་རིག་གནས་རྫོང་དང་། རྨང་གཞི་སྲ་བརྟན་རྫོང་། ཐོན་ལས་ཕྱུག་པའི་རྫོང་། ཁྲིམས་ལྟར་རྫོང་སྐྱོང་བ་སྤྱི་འདོམས་སྐུལ་འདེད་བཏང་ནས་ས་འགུལ་གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་མགྱོགས་སུ་བཏང་ནས་དཀར་མཛེས་ཁུལ་གྱི་ཤར་སྒོ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཚོགས་འདུར་ལྕགས་ཟམ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་ཞུ་བྱས་ཤིང་། ཚོགས་ཞུགས་པའི་ཁུལ་མགོ་ཁྲིད་ཀྱིས་གཏམ་བཤད་བྱས། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་སྐབས་བརྗེའི་ཚུན་དུ་ལྕགས་ཟམ་རྫོང་ཨུས་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་ཀྱིས་དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་འཕར་བ་དང་།ཡུལ་སྡེ་དར་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་བྱུང་བ་དང་ལྷག་པར་དུ་ཐོལ་དུ་བྱུང་བའི“9·5”ལྕགས་ཟམ་རྫོང་གི་ས་འགུལ་གནོད་འཚེའི་མདུན་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དམངས་སེམས་གཅིག་མཐུན་དང་དཀའ་ངལ་ཁྱད་བསད་ཀྱིས་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དང་མྱུར་ཚད། ནུས་ཤུགས་བཅས་མངོན་ཡོད། གྲུབ་འབྲས་ནི་ཧ་ཅང་རྩ་ཆེན་ཞིག་ཡིན་མོད། འོན་ཀྱང་དཔལ་འབྱོར་འཕར་སྣོན་ཡོང་བར་གཏིང་ཤུགས་མི་འདང་བ་དང་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཚུལ་དོ་སྙོམས་མིན་པ། གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་དཀའ་གནད་ཅུང་ཆེ་བ། རང་བྱུང་གནོད་འཚེ་ཐོན་སླ་བ་དང་ཐོན་མང་བ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏང་དགོས་པ་སོགས་ཀྱི་གནད་དོན་ད་དུང་གནས་ཡོད། ལྕགས་ཟམ་རྫོང་གིས་དུས་དཔག་བབ་བསྟུན་དང་ཚད་དཔོག་ཁ་གསལ་བཟོས་ནས་གནད་དོན་ལ་ཁ་གཏད་གཅོག་ཕོད་པ་དང་། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་མགྱོགས་པ། ལེགས་ཆ་འདོན་སྤེལ་བྱེད་མཁས་པ། འཕེལ་རྒྱས་སྤུས་ཚད་མཐོན་པོར་མི་མངོན་པའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་མང་ཙམ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཧྲེན་དབྱང་གིས་ལྕགས་ཟམ་རྫོང་གི་ལས་བྱེད་པས་ཧུར་བརྩོན་རང་བཞིན་དང་རང་སྟོབས་ཀྱི་ནུས་པ། གསར་གཏོད་ཀྱི་རང་བཞིན་བཅས་བཏོན་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱ་དགོས། ཚན་ཁག་མཐུན་སྒྲིལ་དང་མི་རིགས་མཐུན་སྒྲིལ། ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་ཡག་པོ་བྱས་ནས་དེ་བས་རྒྱ་ཆེ་བའི་མིག་རྒྱང་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་དཀར་མཛེས་ཁུལ་གྱི་མིང་བྱང་ཡག་པོ་བཏོད་དེ་ལྕགས་ཟམ་རྫོང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།།(ལྷ་འཛོམས་ཀྱིས་བསྒྱུར།)