国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ3པའི་ཚེས31ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་དར་མདོར་རྒྱལ་ཁབ་གློག་ཤུགས་མ་འཇོག་སི་ཁྲོན་སྤྱི་གཉེར་ཁང་གི་མགོ་འཛིན་ཀྲོའུ་ཆིང་ཅ་དང་སྤྱི་ཁྱབ་གཉེར་དཔོན་ཝང་ཡུང་ཝུན་ལ་མཇལ་འཕྲད་གནང་ཞིང་། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་དང་མཉམ་ལས་གཉིས་ཕན། དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱ་རྒྱུར་དམིགས་ནས་བསམ་འཆར་སྤེལ་རེས་བྱས་པ་རེད།།

༄༅།། སྤྱི་ཟླ3པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕུང་ཧྲན་གྱིས་སྣེ་ཁྲིད་པའི་ལས་དོན་ཚོ་ཆུང་དང་བཞུགས་མོལ་གནང་སྟེ། འབྲེལ་མཚམས་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད། མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བ་སོགས་ཀྱི་ལས་དོན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།།