国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱེ་ཁམས་འབྲོག་ལས་ཀྱིས་ཡུལ་སྡེ་དར་རྒྱས་ཡོང་བར་བསྐུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ལུང་གིས་པར་བླངས།

གངས་རི་དང་རྩྭ་ཐང་།

འབྲོག་རའི་བེའུ།

ལུག་ཁྱུ་ལུག་ར་ནས་རྩྭ་ཐང་དུ་འདེད་བཞིན་པའི་ཚུལ།

འབྲོག་པ་བསམ་གཏན་ཚེ་རིང་གིས་ལུག་རར་ལུ་གུའི་ལུས་པོར་བརྟག་བཞིན་པའི་ཚུལ།

མཐོ་སྒང་གི་འཚོ་བ།

མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལག་ལེན་བསྟར་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ས་ཁུལ་བགོས་ནས་ཕྱུགས་འཚོ་བ་དང་། ཚན་རིག་དང་མཐུན་པའི་ཕྱུགས་གསོ། རྩྭ་ཕྱུགས་དོ་སྙོམས། མཐུན་སྦྱོར་འཕེལ་རྒྱས་བཅས་གཙོས་པའི་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཀྱི་གནས་བབ་བཏོད་དེ་ལྷད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་འདྲེན་བྱེད་ས་ཧུར་ཐག་བཙུགས་ནས་ཡུལ་སྡེ་དར་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། ཐོན་སྐྱེད་གཞན་སྒྱུར་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་བཏང་ཡོད།