国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚོར་བ་གསོན་པོ།

མེ་ཏོག་གང་དུ་སྐྱེས་ཀྱང་ཡིད་མི་ཕམ། །

གཙང་པོ་བོད་ལ་མ་བཞུར་སེམས་མི་སྐྱོ།།

ཁྱོད་རང་སུན་སྣང་ཆེ་བའི་མེ་ལྕེ་དེ། །

ད་དུང་ཞེ་ལ་ལྡིང་ན་ཡིད་སེམས་བཟི།།

འཆི་བདག་གམ་དུ་སླེབ་འོང་ང་མི་འཇིགས།།

ཚེ་ལ་བར་ཆད་བྱུང་ཡང་སྙིང་མི་ཞུམ།།

འུ་གཉིས་བརྩེ་བའི་ནང་གི་མེ་ལོང་དེ། །

གས་ཆག་ཅུང་ཙམ་བྱུང་ན་ང་རེ་འཇིགས།།

མི་ཁའི་ཁྲོད་ནས་ཤི་ན་ལྷ་མི་འབོད། །

མི་ཡི་མནར་གཅོད་བྱས་ན་མགོན་མི་རེ། །

མི་ཚོགས་འུར་ཟིང་ཁྱོན་ནས་ཁྱོད་བོར་ན།།

མི་ངས་ལྷ་ཀླུ་མགོན་གསུམ་ཤར་ནས་འབོད། །

ཉི་མ་མ་ཤར་ཕྱི་ཡི་ལུས་མི་གྲང་། །

ཟླ་བ་མ་བགྲོད་མཚན་ལ་འགྱོད་གདུང་མེད། །

འོད་དྲོད་འཁྱིལ་བའི་སྙིང་གི་མེ་ཏོག་དེ། །

བསིལ་བསིལ་འཚུབ་ན་གྲང་བའི་འགྱོད་གདུང་ཆེ། །

ལུས་ཀྱི་ལང་ཚོ་ཉམས་ཀྱང་སེམས་མི་སྡུག།

ཐོད་པ་རྒས་གཉེར་སླེབས་ཀྱང་ཞེ་མི་སུན། །

ལས་ཀྱི་ཟོམ་ཆུང་བརྒལ་བའི་བརྒལ་རོགས་ཁྱེད། །

གྱེས་ཕྱག་ལན་རེ་བྲིས་ན་ཡིད་འདིས་མནར། །

༼ དབྱངས་ཞི་བ། ༽