国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས2023ལོའི་མང་ཚོགས་ལ་ སྒོ་ཕྱེ་བའི་ཉིན་མོར་གླུ་གར་གྱི་མཆོད་པ་ཕུལ།

འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར།

འཁྲབ་སྟོན་པས་རྨ་བྱའི་བྲོ་འཁྲབ་བཞིན་པའི་ཚུལ།

ལྟད་མོ་བ་ཚོས་ཐག་ཉེ་ས་ནས་འཁྲབ་སྟོན་ལ་ལྟད་མོ་ལྟ་བཞིན་པའི་ཚུལ།

གླུ་བ་དང་ཞབས་བྲོ་བས་གླུ་ལེན་བྲོ་འཁྲབ་བྱེད་བཞིན་པའི་ཚུལ།

མི་རིགས་ཀྱི་རྒྱན་གོས་སྤྲས་པའི་འཁྲབ་སྟོན་པས་ཐག་ཉེ་སར་ལྟད་མོ་བ་དང་སྤེལ་རེས་བྱེད་བཞིན་པའི་ཚུལ།

ཉིན་དེར་ཁྱེད་རང་ང་དང་མཉམ་དུ་ཤོག་ཅེས་པའི་ཀྲུང་དབྱང་མི་རིགས་གླུ་གར་ཚོགས་པས2023ལོའི་མང་ཚོགས་ལ་སྒོ་ཕྱེ་བའི་ཉིན་མོའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད། ད་ཐེངས་ཀྱི་མང་ཚོགས་ལ་སྒོ་ཕྱེ་བའི་ཉིན་མོར་དཔྱིད་ཀའི་གཙོ་དོན་མངོན་གསལ་དུ་བཏོན་ཅིང་། སྤྱི་ཚོགས་ཡོངས་ལ་ཕྱོགས་ཏེ་མང་ཚོགས་གདན་འདྲེན་ཞུས་ནས་བར་ཐག་ཉེ་པོའི་ཐོག་ནས་མང་ཚོགས་ལ་སྒྱུ་རྩལ་སྤུས་དག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་དུ་བཅུག་པ་དང་སྟེགས་བུའི་མདུན་རྒྱབ་ཀྱི་མི་ལ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ལ་ཉན་དུ་བཅུག་ནས། རིག་གནས་ཀྱིས་མི་གཞི་སྐྱོང་བ་དང་སྒྱུ་རྩལ་ལ་བརྟེན་ནས་སེམས་པ་གཅིག་མཐུན་ཡོང་དུ་འཇུག་པ་རེད།། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕན་ཕུན་གྱིས་པར་བླངས།