国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཅི་ཞིག་ལ་གུས་ལུགས་མཛད་སྒོ་ཟེར།

ཅི་ཞིག་ལ་གུས་ལུགས་མཛད་སྒོ་ཟེར། སློབ་འབྲིང་སློབ་མ་རྣམས་དགེ་རྒན་གྱི་གཞུང་དོན་ཁང་དུ་འཛུལ་སྐབས་སྔོན་ལ་སྙན་སེང་ཞུ་ཞེས་བརྗོད་དགོས་པ་དང་། སློབ་གྲོགས་དང་ཁ་གྱེས་སྐབས་རྗེས་སུ་མཇལ་ཡོང་ཞེས་བཤད་དགོས་ལ། རྒན་རབས་པ་དང་མཉམ་དུ་ཁ་ལག་ཟ་སྐབས་ཁོང་རྣམས་གྲལ་འགོར་བཞུགས་སུ་འཇུག་དགོས་པ་དང་། རྒྱལ་དར་སྒྲེང་བའི་སྐབས་སུ་རྒྱལ་དར་ལ་མིག་ཅེར་ནས་རྒྱལ་གླུ་ལེན་པ་སོགས་བྱ་དགོས། འདི་ལྟ་བུའི་རྒྱུན་གཏན་ནས་བསྒྲུབ་དགོས་པའི་གུས་སྲོལ་དང་མཛད་སྒོ་རྣམས་ནི་གུས་ལུགས་མཛད་སྒོ་ཡིན། གུས་ལུགས་ཞེས་པ་སྟབས་བདེའི་ཐོག་ནས་བཤད་ཚེ་གུས་སྲོལ་དང་མཛད་སྒོ་ཡིན། ཆིང་ཧྭ་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པའི་སློབ་དཔོན་ཡིན་པའི་ཕེང་ལིན་གྱིས་གནའ་དུས་རུའུ་ལུགས་ཀྱི་གུས་ཞབས་དེ་རང་གཅུན་གྱི་ཚད་མཐོ་ཤོས་ལ་བརྩིས་ནས་མི་རྣམས་ཀྱི་གཞི་རྩའི་བླང་བྱ་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ནང་། ང་ཚོའི་མེས་པོ་རྣམས་ཀྱིས་གུས་སྲོལ་མཛད་སྒོ་རབ་དང་རིམ་པ་གཏོད་ཡོད་པར་མ་ཟད། རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བས། ཤར་ཕྱོགས་དཔལ་ཡོན་གྱི་ཁྱད་ཆོས་ལྡན་པའི་གུས་སྲོལ་རིག་གནས་ལ་འགྱུར་བ་དང་། དེར་མཛད་སྒོ་ཆ་ཚང་ཞིག་ཡོད་ཅིང་། དེ་ནི་མི་དང་མིའི་བར་འབྲེལ་གཏུག་གི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན། རང་གཅུན་དང་། བྱམས་བརྩེ་སྲི་ཞུ། རྒན་བཀུར་གཞོན་གཅེས། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན། ཁེངས་སྐྱུང་དང་གཞན་ལ་གུས་བཀུར། དེ་དག་ནི་ཀྲུང་གོའི་སྲོལ་རྒྱུན་གུས་ལུགས་མཛད་སྒོའི་རིག་གནས་ཀྱི་སྙིང་པོ་ཞིག་ཡིན་ཞེས་འགྲེལ་བཤད་གནང་ཡོད། གུས་ལུགས་མཛད་སྒོ་དེ་མི་སོ་སོའི་རྒྱུན་གཏན་འཚོ་བ་དང་འབྲེལ་གཏུག་ཁྲོད་ནས་མཚོན་གྱི་ཡོད་པ་དང་། དེ་ནི་ཧ་ཅང་ཞིབ་ཕྲའི་གཏམ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ཞིང་། གུས་སྲོལ་མ་ཤེས་པའི་མི་དེར་གཞན་གྱིས་དགའ་བསུ་བྱེད་མི་སྲིད།

༼ ཡོངས་འཛིན་དྲ་བ་ནས་དྲངས། ༽