国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྔ་གཅིག་གུང་གསེང་རིང་ལ།། ཕྱོགས་བཅུའི་འགྲུལ་གཡང་འཁོར་བྱུང་།

ཚེས3ཉིན་ལ། ཁྲང་ཧྲ་ནུབ་ཚུགས་འཛུགས་སྐྲུན་ལས་ཡུལ་དུ་བཟོ་པས་ཨར་འདམ་མ་བླུག་པའི་སྔོན་དུ་གྲ་སྒྲིག་བྱེད་བཞིན་པའི་ཚུལ།

ཚེས3ཉིན་ལ། ཁྱིམ་བདག་དང་བྱིས་པ་ཚོས་ཐའེ་ཡོན་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དུ་དཔེ་ཆ་ཀློག་བཞིན་པའི་ཚུལ།

ཚེས3ཉིན་ལ། འགྲུལ་བ་ཚོས་ཧྥུ་ཀྲོའུ་ཙོ་ཧའེ་གླིང་གའི་མཚོ་ཞབས་འཇིག་རྟེན་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ།

ཚེས3ཉིན་ལ་འགྲུལ་བ་ཚོས་ཧང་ཀྲོའུ་ནུབ་མཚེའུ་ཡི་ཆད་ཟམ་དུ་པར་ལེན་བཞིན་པའི་ཚུལ།

ཚེས3ཉིན་ལ། འགྲུལ་བ་ཚོ་ཧོ་པེ་ཞིང་ཆེན་ལོན་ནན་རྫོང་ཏུང་ཧོང་ཐོ་གྲོང་རྡལ་ཡན་ཀྲོང་ཧུའུ་གྲོང་སྡེའི་ཐིའུ་བཀླུབས་མེ་ཏོག་འདེབས་འཛུགས་རྟེན་གཞིར་ཕྱིན་ནས་པར་ལེན་བཞིན་པའི་ཚུལ།

ཚེས3ཉིན་ལ། འགྲུལ་བ་ཚོ་ཐེན་ཅིང་ཐེ་ཏ་མཁའ་བསྐྱོད་མ་གྲུའི་གཙོ་དོན་གླིང་གར་ཕྱིན་ནས་པར་ལེན་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས30ཉིན་ལ། འགྲུལ་བ་ཚོ་ཞི་ཨན་གྲོང་ཁྱེར་ལྕགས་རི་ལྗོངས་ཁུལ་དུ་ལྟ་སྐོར་ལ་སོང་བའི་ཚུལ།

ད་ལོའི་ལྔ་གཅིག་གུང་གསེང་ནི་ཏོག་གསར་གྱི་ནད་ཡམས་གནས་སྐབས་སུ་འཇགས་ཤིང་དཔལ་འབྱོར་སླར་གསོ་ཅུང་བཟང་པོ་ཡིན་པ་དང་། གནམ་གཤིས་དྲོ་གྲང་ཡང་འཚམ་པའི་དུས་དང་ཏག་ཏག་འཁེལ་བས། རྒྱལ་ཡོངས་ས་གནས་ཁག་ཏུ་ཡུལ་སྐོར་བྱེད་མཁན་གྲོག་ཚང་ནས་གྲོག་མ་བརྡོལ་བ་ལྟར་གང་སར་ཁྱབ་ཅིང་། ས་གནས་སོ་སོས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་ཐབས་གང་མང་སྤྱད་དེ་འགྲུལ་བ་ཚོའི་བསམ་དོན་ཡིད་བཞིན་དུ་གྲུབ་པར་མཐུན་རྐྱེན་མཁོ་རྒུ་བསྐྲུན། རྒྱལ་ཕྱི་ནང་གི་འགྲུལ་བ་ཚོ་རང་རང་གི་མོས་པའི་ཡུལ་དུ་བསྐྱོད་དེ་བག་ཕེབས་པོས་སྤྲོ་འཁྱམ་སོགས་ལ་རོལ་བ་དང་། མཐར་ལུས་བདེ་སེམས་སྐྱིད་ངང་རང་ཁྱིམ་དུ་ལོག་ཐུབ་ཡོད། ད་རུང་ངལ་རྩོལ་པ་མི་ཉུང་བས་སོ་སོའི་ལས་གནས་བརྟན་སྲུང་བྱེད་བཞིན་ངལ་རྩོལ་ཁྲོད་དུ་དུས་ཆེན་རོལ་བཞིན་ཡོད་པ་རེད།། ( ཞིན་ཧྭ་གསར་འགྱུར་ཁང་གི་པར་མཛོད་ནས་དྲངས།)