国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟེགས་མ་དང་ན་ཟུག།

བར་སྣང་ཁམས་སུ་རྟ་བདུན་དབང་པོ་ཤར།།

བར་བའི་མཚམས་ནས་བྱེ་འུ་ཆུང་ཆུང་ལྡིང་།།

བར་དོ་བ་ཡི་སྙིང་ལ་གློག་དམར་འཚུབ།།

བར་བའི་བསམ་པ་ཤེལ་དཀར་ལྷུན་པོ་ཅན།།

ང་ཡིས་ཆེ་བ་བརྗོད་ན་དེ་ཙམ་ཡིན།།

ང་ཡིས་རོགས་སུ་འབོད་ཀྱང་ཡིད་འཁྲུད་བྱེད།།

ང་དང་ཁྱོད་ཀྱི་ལས་དབང་བཙན་པོ་འདིས།།

ང་རང་གཉིས་ལ་རྨ་ཁའི་ན་ཟུག་བསྐྱེད།།

ང་ཡི་སེམས་སུ་ཁུར་པོ་ལྕི་མོ་བཞག།

ང་དང་ཁྱོད་གཉིས་བར་གྱི་བརྩེ་ཟམ་གཏོར།།

ང་རང་འཁོར་བའི་མི་ཁ་དབྱིངས་སུ་བསྐྱལ།།

ང་ཡིས་གསོན་པོའི་དམྱལ་བ་ལན་གཅིག་མྱོང་།།

དཀོན་མཆོག་གསུམ་པོ་ལས་འདི་བཙན་པ་ལ།།

གསོན་པོའི་ཡུལ་ནས་ཤི་བོས་ལུས་ཤིག་བླངས།།

ཁམས་གསུམ་དུག་མཚོ་འཁྱིལ་བས་གདན་སྟེང་དུ།།

བར་དོ་བ་ངས་ཚ་དམྱལ་ལན་གཅིག་དྲངས།།

༼ དབྱངས་ཞི་བ། ༽