国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གི་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་ བོད་དུ་སྐྱོད་པའི་བཤམས་སྟོན་ཁང་གི་སྒོ་ཕྱེ།

སེར་ཤུལ་རྫོང་གིས་ལོ་གཅིག་རིང་ལ་བསྐྲུན་པའི་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་བོད་སྐྱོད་བཤམས་སྟོན་ཁང་དེ་སྤྱི་ཟླ5པའི་ཚེས23ཉིན་དངོས་སུ་སྒོ་ཕྱེ་བ་རེད།

སེར་ཤུལ་རྫོང་གིས་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་དྲན་གསོ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་ཆེད། 2022ལོའི་ཟླ་བ5པར་ནས་བཟུང་ལོ་ཕྱུག་གྲོང་རྡལ་ཐང་བོད་གྲོང་རྡལ་ཆུང་ངུའི་ཐོན་ལས་གླིང་ཁུལ་གྱི་ཁོངས་གཏོགས་སུ་རིག་གནས་ཐང་ཆེན་བསྐྲུན་ནས་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་བོད་སྐྱོད་བཤམས་སྟོན་ཁང་སྐྲུན་འགོ་བཙུགས་ཡོད།

མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་གསར་བརྗེའི་རིག་གནས་སློབ་གསོ་གླིང་ཁུལ་གྱི་སྤྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ14671ཡོད། མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་ཁྲི2980ལ་ཟིན། ཁྱོན་བསྡོམས་རྩ་ཆེ་བའི་ལོ་རྒྱུས་ཀྱི་འདྲ་པར100ལྷག་དང་རིག་དངོས200ལྷག་ཡོད། མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་སྐྱོད་པའི་ལོ་རྒྱུས་ཀྱི་བྱས་རྗེས་གསོན་ཉམས་དོད་པའི་སྒོ་ནས་འགྲེམ་སྟོན་དང་། གཙོ་གནད་དུ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པ་ལོ་ཕྱུག་ཏུ་བསྡད་པའི་ལོ་རྒྱུས་འགྲེམ་སྟོན། ད་དུང་སེར་ཤུལ་རྫོང་གི་ཁ་སང་དང་དུས་རབས་གསར་པའི་དེ་རིང་འགྲེམ་སྟོན། སེར་ཤུལ་རྫོང་གི་མང་ཚོགས་ཀྱིས་མུ་མཐུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག“གསོ་རླུང་དཀོན་ཡང་ཕུགས་འདུན་མི་ཉམས། གསོ་རླུང་དཀོན་ཡང་བློ་གྲོས་མི་ཉམས་པའི”སེར་ཤུལ་གྱི་སྙིང་སྟོབས་ལག་ལེན་ཏན་ཏིག་བསྟར་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་རྒྱུན་ཆད་མེད་པར་དམ་པོར་བཅངས་ཏེ་གོམ་སྟབས་བརྟན་བརླིང་ངང་འབྱུང་འགྱུར་འོད་སྟོང་འཕྲོ་བ་གཏོད་པའི་ཆོད་སེམས་མངོན་པར་བྱས་ཡོད། དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།།( ལས་ཞོར་གསར་འགོད་པ་མེ་ཏོག་གིས་བྲིས།)