国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མྱ་ངན་ཞུ་ཆེད་དུ།

འཆི་བ་ནི་ཚེ་སྲོག་གི་རྨི་ལམ་ཐེངས་གཅིག

དེ་ནི་རྟག་བརྟན་མེད་པའི་འཇའ་ཚོན་ཇི་བཞིན།

འཇིག་རྟེན་ལས་འདས་པའི་འཇིག་རྟེན་

གཞན་ཞིག་གོ།

ཁྱེད་ཀྱི་རྣམ་ཤེས་ཀྱི་འོད་ཟེེར་རེ་ཞིག་འགག་

པར་གྱུར་པས།

སྐྱོ་དྲགས་པའི་གཉུག་སེམས་ཀྱིས་ཡིག་དྲུག་གི་མ་ཎི་

ལྷུག་པར་བརྗོད།

སྡུག་བསྔལ་གྱི་སྨུག་སྤྲིན་འཐིབ་པའི་གངས་

དཀར་གྱི་གཟི་འོད་མ་མཐོང་།

ཁྱེད་ཀྱི་རྣམ་ཤེས་ཀྱི་ཞེན་ཆགས་དབྱིངས་

སུ་དག་ནས།

བདེ་ལྡན་གྱི་ཞིང་ས་ཞིག་སྙེག་པར་ཐུབ་

པའི་ས་ལམ་ཞིག།

གངས་ཅན་ཆོལ་གསུམ་གྱི་ནན་གྱིས་བསྒྲུག་པར་འཐད་

ཅིང་རིགས་སོ།།

གཏན་དུ་རྒས་པ་མེད་པའི་ཁྱེད་ཀྱི་སྙན་ངག་དེ་དག

ཤུལ་དུ་ལུས་པའི་ཁྱེད་ཀྱི་ཤེས་རབ་ཀྱི་གཤོག་

ཟུང་ཡ་གཅིག།

དེ་ནི་གངས་ཅན་པའི་གཅེས་པར་འོས་པའི་སྙན་ངག་

གི་བསྟན་པ་ཡིན།

༼ དབུ་འཇིགས་མེད། ༽