མི་རེ་རེ་ནི་སྐར་མ་རེ་རེ་ཡིན།
སྐར་རྡོ་དང་དུས་ཀྱི་རླུང་ནང་ན།
ཁེར་རྐྱང་ངང་གསལ་ཡོང་ལ།
ཁ་རོག་གེར་ཁེར་རྐྱང་དུ་བུད་འགྲོ།
གངས་ཐང་གི་སྐར་མ་ཞིག།
མུ་མེད་པའི་དབྱིངས་སུ་འདྲེས།
གངས་རི་དང་རྩྭ་ཐང་ལ།
ཞེ་འཁྲེང་འཁྲེང་གནང་།
ད་ལྟ་སྐར་མདའ་བཞིན་བྲེལ་འཚུབ་ཀྱིས་འཕུར།
འབབ་ཚུགས་རྗེས་མར།
གངས་ཐང་ལ་འབབ་རོགས།
དྭངས་གཙང་གི་གངས་ཐང་ལ་འབབ་རོགས།
ཁྱེད་ནི་གངས་ཐང་གི་སྐར་མ་ཡིན་པས།
སླར་ཡང་གངས་ཐང་ལ་འབབ་འོས།
༼ ཧུན•དུར་རོ། ༽