国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མྱ་ངན་གྱི་འཕྲིན་ཐུང་།

ཆེས་མཛེས་པའི་མེ་ཏོག་ཅིག་ས་རུ་ཟེགས་རུང་མི་ཕངས་ཏེ།

ཤེས་རབ་ཀྱིས་སྐད་ཡིག་འདེགས་པའི་སྐར་ཆེན་ཞིག།

གློ་བུར་དུ་ས་ལ་ལྷུང་ན་ང་ཡི་ཡིད་ལའང་གྲི་ཡིས་

གཙགས་པ་འདྲ་བྱུང་།

པདྨ་ཚེ་བརྟན་ནི།

རང་གི་རྣམ་དཔྱོད་ཀྱིས་ནར་སོན་པའི་གྱད་

མི་ཞིག་ཡིན་ལ།

བསམ་གཞིག་གི་ཚལ་ལ་སྒྱུ་རྩལ་གྱི་ལོ་ཏོག་འདེབས་

མཁན་ཞིག་ཀྱང་ཡིན།

ཁོའི་ཤེས་རབ་ནི།

སྒྱུ་རྩལ་གྱི་གླེགས་བམ་དུ་མའི་ཁྲོད་ན་ད་དུང་

གཟིམ་མི་འདུག་ཅིང་།

“ཐར་ལོ”འང་ད་དུང་རལ་གྱིན་མི་འདུག་ལ།

འཆི་བ་ནི་ངེས་མེད་ཡིན་ལ།

ན་ཟུག་ཀྱང་ངེས་མེད་རེད་མོད།

འོན་ཏེ་ད་ལྟ།

“ཁྱི་རྒན”གྱིས་ཟུག་རྔུ་བྱེད་སྲིད་ལ།

ང་ཚོས་ཀྱང་སྨྲེང་ངག་འདོན་སྲིད།

དེ་ནི། ང་ཚོ་ཕན་ཚུན་ལ་ཆ་རྒྱུས་ཡོད་པས་

མ་ཡིན་མོད།

འོན་ཏེ་ང་ཚོ་ཇི་ལྟར་ཡང་ར་བ་གཅིག་ལས་

མེད་པས་ཡིན།

གཅམ་ཚིག་མ་ཡིན་པའི་ཐ་སྙད་འདི་དག་ནི།

སེམས་པའི་གཏིང་ནས་བྱུང་བ་ཡིན་པས།

མདོར་ན། ཡིད་ལ་ཕངས་པ་སྐྱེས་བྱུང་།

གཏམ་རྒྱུད་བཤད་འཕྲོར་ལུས་པས།

ཐ་སྙད་འདིས་ཀྱང་སེམས་སྡོད་མི་ཚུགས་པར་

བྱས་བྱུང་།

སྒྱུ་རྩལ་གྱི་སྟེགས་བུ།

རམ་འདེགས་ཅི་ཡང་མི་དགོས་པའི་ཤེས་རབ་

དེ་དྲན་བྱུང་།

ཨོཾ་མ་ཎི་པདྨེ་ཧཱུྂ། བདེ་བར་བཞུད།

སྔར་ལས་ལྷག་པའི་གདེང་ཚོད་ཅིག་ཡོད་པར་ཤོག།

༼ བསྟན་འཛིན་སྙན་གྲགས། ༽