གཞིས་རྩེ་ནས་གློག་འོད་འཁྱུག་སྐབས།
པདྨའི་སྡོང་པོ་ཞིག་ས་ལ་འགྱེལ་སོང་ཟེར་
ནས་འུར་གྱིན་གདའ།
ཚེ་བརྟན་གྱི་དབུགས་རྒྱུ་ཡང་མྱུར་བ་མྱུར་བའི་ངང་དུ་
དེ་དུས་བོད་ཀྱི་བརྙན་འཕྲིན་ཆག་སྐྱོན་དུ་སོང་འདུག།
ལྷག་ཏུ་སོང་བའི་གློག་བརྙན་རིགས་ངུས་ནས་སྐྱེན།
《བསླུ་བྲིད》སོགས་རྩོམ་དེབ་མང་པོ་ཞིག་གི་རྩོམ་པ་
པོ་དེ་གཤེགས་སོང་ཟེར།
《དབུགས་སྒང་དང་ཐར་ལོ》བཅས་གློག་བརྙན་
མི་ཉུང་བ་ཞིག་གི་འཁྲབ་ཁྲིད་པ་དེ་བུད་སོང་ཟེར།
པདྨ་ཚེ་བརྟན་མི་ཡུལ་དང་བྲལ་བར་གློག་བརྙན་
ལྟད་མོ་བ་གྲངས་མེད་ཀྱིས་གློག་བརྙན་གྱི་མིང་
སོགས་ཁྱེར་ནས་སྐྱེལ་མ་བྱེད་བཞིན་འདུག།
པདྨ་ཚེ་བརྟན་རྒྱང་རིང་དུ་ཆས་དུས་ཀློག་པ་པོ་
གང་མང་གིས་རྩོམ་ཡིག་གི་ཁ་བྱང་གླེང་ནས་རྩོམ་
ཡིག་ཡང་སློག་བྱེད་བཞིན་སྐྱེལ་མ་བྱེད་བཞིན་འདུག།
གློག་བརྙན་འཁྲབ་ཁྲིད་པ་དེ་བུད་སོང་།
རྩོམ་སྒྲུང་རྩོམ་པ་པོ་དེ་ཤོར་སོང་།
ཚོར་བའི་སྙན་ངག་པ་དེ་ཡིབ་སོང་།
མདོར་ན་བསམ་བློ་བ་དེ་གློ་བུར་དུ་ཞིང་
ཁམས་གཞན་དུ་གཤེགས་སོང་།
བོད་ཀྱི་གློག་བརྙན་ལ་ཚེ་སྲོག་གནངས་ནས་
པདྨ་ཚེ་བརྟན་བོད་ཡུལ་བསྐྱུར་ནས་མི་ཡུལ་
ནས་གྱེས་སོང་།
༼ དྷི་རང་འབར། ༽