国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟག་ཤར་དེ་སུ་རེད་།

གྲོང་ཁྱེར་གྱི་ཁང་བརྩེགས་མཐོ་རུ་གདེངས་པའི་དབུས་དང་དཀྱིལ་ན།སློག་པ་དཀར་པོ་ཅན་གྱི་ཨ་ཇོ།སྟག་ཤར་དེ་སུ་རེད།

གྲང་ངར་རྒོད་པའི་བྱང་ཐང་ཁེར་རྐྱང་དུ་འགྲེངས་ནས།ཡུན་རིང་ཡུན་རིང་ཞིག་སོང་ཤུལ་ན།འཕྲུལ་ཆས་མང་པོའི་ནང་དུ་བོད་ཅེས་པའི་མི་རིགས་ཀྱི་གནའ་དེང་།གློག་བརྙན་གྱི་མདུན་ངོས་ན་ཅེར་ནས་བསྡད་པའི་ལྟད་མོ་པ་ལ་སྟོན་མཁན།སྟག་ཤར་དེ་སུ་རེད།

གནམ་སའི་སྟེང་འོག་གི་དབུས་ན་ང་རྒྱལ་གྱི་གཡུ་རལ་ལྡེམ་པའི་སེང་ཆེན།ནགས་ཚལ་གྱི་ཀླུང་ན་སྙན་འགྱུར་གྱི་སྐྱིད་གཞས་ལེན་པའི་ཁུ་བྱུག།ཉི་ཟླ་དང་གངས་རི་ལ་རྒྱང་ཐག་རིང་སར་ཅེར་ནས་ཁེར་སྡོད་མཛད་པའི་མགྲོན་པོ།སྟག་ཤར་དེ་སུ་རེད།

ཟླ་ལྔ་པའི་དུས།མི་ཞིག་གི་སྟེང་དང་གམ་དུ་གློག་འོད་འཁྱུག་འཁྱུག། ཡིན་ནའང་། སྙིང་ཉེ་བའི་མི་དེའི་སྲོག་དང་ཕ་ཡུལ་དུ་དྲག་ཆར་ཞིག་ཡལ་བྱུང་།སྟག་ཤར་དེ་སུ་རེད།

རྟབ་རྟབ་པོར་མིང་ནི་སྙན་ཞིང་མཁའ་རུ་གྲགས།མཁའ་རུ་གྲགས་པའི་མིང་ཐོགས་མཁན། སྟག་ཤར་དེ་སུ་རེད།“་་་་་་་་་ ་་་་་་་་་་་་་”སྙན་ངག་གིས “སྟག་ཤར་དེས་གློག་བརྙན་ནང་ནས་ཁྱོད་ལ་འཛུམ་མདངས་སྟོན།”

༼ ཆོས་འབྱོར་རྒྱ་མཚོ། ༽