国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ།

རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་པར་བསྐུལ་ཏེ་བདེ་འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་འགན་ལེན་བྱ་དགོས་ཞེས་གསུངས།

ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི་ཚོགས་འདུར་ཞུགས།

( པར་ངོས་གཉིས་པར་གཟིགས།)

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས30ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ5པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དུས་བབ་ཤེས་རྟོགས་གང་ལེགས། རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་གལ་ཆེན་སྟངས་འཛིན་ཡང་དག། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་འཇགས་ཀྱི་གནས་བབ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་འགན་ལེན་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།