国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀ་སླེབས་བྱུང་།

དཔྱིད་ཀ་སླེབས་བྱུང་། ནམ་དུས་བཞིའི་ནང་ནས་དཔྱིད་ཀ་ནི་ནམ་དུས་ཡག་ཤོས་ཤིག་ཡིན། སྤྲིན་དཀར་ཚོམ་བུའི་མཛེས་པའི་ཉམས་དང་སྔོ་ཞིང་འཇམ་ལ། མཚར་སྡུག་ལྡན་པའི་རྩྭ་ཐང་བུ་མོའི་པང་དུ་གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་གནག་ཕྱུགས་ཀྱི་ངུར་སྒྲས་ཁེངས་ཏེ་དཔྱིད་ཀར་གསོན་ཤུགས་གསར་པ་རེ་སྟེར་བཞིན་མཆིས།

ཆུ་བོས་ལྷུང་ལྷུང་སྙན་པའི་སྒྲ་སྒྲོག་ཅིང་རྩྭ་ལྗང་གསར་པས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བཞིན་འདུག་ལ། ད་དུང་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་གང་འདོད་ངང་རྩྭ་ཆུར་རོལ་བཞིན་འདུག། གངས་རིའི་ལྗོངས་ཀྱི་དཔྱིད་དཔལ་འདི་ལྟར་ཏེ། འདི་གར་སྔོ་བསངས་ཀྱི་ནམ་མཁའ་དང་མཐོ་ཞིང་བརྗིད་པའི་རི་བོ། དྭངས་གཙང་གི་ཆུ་ཕྲན་རྣམས་གཉིད་ལས་སད་པར་བྱེད། ཨ་ཁུ་སོ་ནམ་པས་དུས་ལ་སྔ་ཕྱི་རྩོད་པ་བཞིན་ཞིང་དུ་ལུད་སྐྱེལ་བ་དང་། ཆུ་གཏོང་བ། ས་བོན་འདེབས་པ། ངོ་གདོང་ནས་དགའ་བའི་འཛུམ་མདངས་རྒྱས་བཞིན་མཐའ་ཡས་ཞིང་ཐང་ནས་ལོ་ལེགས་ཀྱི་འབྲས་བཟང་འཕྱུར་བའི་སྟ་གོན་བྱེད་བཞིན་མཆིས།

དཔྱིད་རླུང་དཔྱིད་ཀྱི་དགའ་སྟོན་བསུ་བའི་ཕོ་ཉ་ཡིན། རང་དབང་མེད་པར་དཔྱིད་རླུང་སིལ་སིལ་དང་བསྡོངས་ནས་ལྷད་མེད་དྭངས་གཙང་གི་དཔྱིད་དཔལ་ལ་བསྔགས་པར་འདོད་དོ།

༼ བརྒྱད་པའི་དང་པོ།ལྷ་མོ་ཆོས་སྒྲོན།༽