国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལུང་མུན་བྲག་ཕུག་གི་ལོ་སྟོང་རྡོ་བརྐོས་སྒྱུ་རྩལ་གྱིས་ཡུལ་སྐོར་བའི་ཡིད་དབང་འཕྲོག།

ད་ཆར་ཧོ་ནན་ལུའོ་དབྱང་གི་ལུང་མུན་བྲག་ཕུག་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཆེས་མང་པོ་ཡོང་བའི་དུས་ཚིགས་སུ་སླེབས་ཡོད་ཅིང་། ནང་བསྟན་རྡོ་བརྐོས་སྐུ་བརྙན་སྤུས་ལེགས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་འཕྲོག། ལུང་མུན་བྲག་ཕུག་ནི་ལའོ་དབྱང་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་པ་དང་། ཝེ་བྱང་མ་ཞའོ་ཝེ་ཏི་ཡིས་རྒྱལ་ས་ལུའོ་དབྱང་དུ་སྤོ་བའི་དུས་སྐབས་སུ་བརྐོས་པ་རེད། ད་བར་ལོ་ངོ1500ལྷག་གི་ལོ་རྒྱུས་ཡོད། 2000ལོར་ལུང་མུན་བྲག་ཕུག《འཛམ་གླིང་ཤུལ་བཞག་མིང་གཞུང》གི་གྲས་སུ་བཀོད་པ་རེད།། ( ཡེ་ཤེས་ཀྱིས་བསྒྱུར།)