སྣང་བའི་ཞལ་རས་འཇམ་པོ།
ང་ཡི་མཛེས་སྡུག་གི་མེ་ཏོག་ལ་ཕྱོགས།
ཡུད་ཙམ་བརྟན་པར་བཟུང་ཡང་།
གཏན་དུ་འགྲེངས་ཐབས་མ་བྱུང་།
ང་དང་ཁྱོད་བར་གྱི་རྣམ་ཤེས།
མཛའ་བ་དང་བརྩེ་བའི་སྤྲིན་པ་ཞིག།
དེ་ནས་གློག་ཅིག་འཁྱུག་པ།
རིམ་གྱིས་ཡན་ལག་དང་དབང་པོ་ལ་ཐིམ་པར་གྱུར།
རང་གི་ལག་པས་རྨི་ལམ་དང་མངོན་སུམ་གཅིག་ཏུ་བཙེམས་དུས།
གྲྭ་ཤག་གི་སྒེའུ་ཁུང་སྨུག་པས་དལ་གྱིས་བསྒྲིབས།
ཉིན་གཅིག་ལ་བསླབ་དགོས་པའི་གཞུང་ཚིག་དག།
ཁྱོད་ཀྱི་སྨིན་མའི་ཉག་མ་རེ་རེར་འཁྲུལ།
མཆུ་ཏོ་འགུལ་ནས་དེ་ཉིད་འཆད་པར་རྩོམ།
ཁོ་ཧྥེ་ཚ་བོས་བསྲེགས་པའི་ལྕེ་རྩེ་ལ།
ཁྱོད་རང་སོང་ཤུལ་གྱི་དུ་ཞགས་གྱ་གྱུ་འཁྲིགས།
ཡིད་འོང་གི་ཁ་བ།
དཔྱིད་ཟླ་མཐའ་མ་འདིར་ཡང་འབབ་པ།
གངས་རི་ཁོ་ནའི་བདག་དབང་གིས་མ་ཡིན།
ངས་རང་གི་ལག་པ་གཉིས།
ཐག་རིང་གི་སྐར་མའི་མཐོ་ཚད་དང་མཉམ་པར་བྱས་པ།
སང་ཉིན་ཐབ་རྡོ་གསུམ་པོ་པང་དུ་བླངས་ནས།
གཏམ་རྒྱུད་འཆད་དགོས་པས་ཀྱང་མ་ཡིན།