དངོས་མིང་ལ་པདྨ་བཟང་པོ་ཟེར། ཁམས་ཉག་རོང་དུ་སྐྱེས། དཀར་མཛེས་བན་རྒན་དགོན་པ་དང་གསེར་རྟ་བླ་རུང་སྒར། རྫོང་སར་བཤད་གྲྭ་སོགས་སུ་དབུ་ཚད་གཙོས་ནང་བསྟན་གཞུང་ལ་ཐོས་བསམ་བྱས། སྙན་ངག་བཅུ་ཕྲག་འགའ་དུས་དེབ་དང་ཚགས་པར་དྲྭ་ཚུགས་ཁག་ཏུ་སྤེལ་ཡོད། 2018དང2020ལོར་གྲོགས་པོ་འགའ་དང་མཉམ་དུ་སྙན་དེབ《ལྷ་ཁང་ནང་གི་རྨི་ལམ》ཞེས་པ་པར་དུ་བསྐྲུན། 2017ལོར《གངས་དཀར་རི་བོ》ཡི་ལོ་མཇུག་རྩོམ་རིག་བྱ་དགའ་ཐོབ། 2018ལོར《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭར་ཞུགས།