ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བཀོད་སྒྲིག་ལྟར། སྤྱི་ཟླ6པའི་ཚེས25ནས26ཉིན་བར། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཚན་ཁག་གི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་སུང་ཚའོ་ཧྭ་ཡིས་ལས་སྒྲུབ་ཚོ་ཆུང་གི་སྣེ་ཁྲིད་དེ་རང་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་དཔལ་འབྱོར་ལྟ་སྐུལ་ལས་དོན་ལ་བརྟག་ཞིབ་གནང་བར་མ་ཟད།《དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(བཟོ་བཅོས)》ཀྱི་ཁྲིམས་འཛུགས་སྐོར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
སུང་ཚའོ་ཧྭ་ཡིས་སྤུས་ཚད་མཐོ་བའི་དཔལ་འབྱོར་ལྟ་སྐུལ་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་བ་རེད། ( ལྷ་འཛོམས་ཀྱིས་བསྒྱུར།)