国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྲན་སེར་གང་བུ་ལོ་ལེགས་བྱུང་།།ཞིང་པའི་ངོ་ལ་འཛུམ་མདངས་རྒྱས།།

བཟོ་པས་བདམས་ནས་བཀྲུས་པའི་སྲན་སེར་གང་བུ་འཁྱག་མཛོད་དུ་འཇུག་བཞིན་པའི་ཚུལ།

བཟོ་པས་ཕྱིར་ཚོང་གི་བླང་བྱ་དང་མི་མཐུན་པའི་སྲན་སེར་གང་བུ་འདེམས་བཞིན་པའི་ཚུལ།

བཟོ་པས་ཕྱིར་ཚོང་གི་བླང་བྱ་དང་མི་མཐུན་པའི་སྲན་སེར་གང་བུ་འདེམས་བཞིན་པའི་ཚུལ།

ཞིང་པ་ཚོས་ཞིང་དུ་སྲན་སེར་གང་བུ་འཐུ་བཞིན་པའི་ཚུལ།

ཞིང་པས་སྲན་མ་རྒྱ་མར་བཅལ་ནས་སྐྱེལ་གྲ་སྒྲིག་བཞིན་པའི་ཚུལ།

ཕྱོགས་བསྡུས་སྔོ་ཚལ་ཁྲོམ་རར་བཟོ་པས་སྲན་སེར་གང་བུ་སོས་མ་འདེམས་འཁྲུད་རྒྱུད་མཐུད་ལས་རིམ་དུ་འཇོག་བཞིན་པའི་ཚུལ།

ཞིང་པས་སྲན་མ་སྨྱུག་སླེ་རུ་བླུག་བཞིན་པའི་ཚུལ།

མི་རྣམས་ཀྱིས་གློག་འོད་འོག་སྲན་སེར་གང་བུ་སྡུད་བཞིན་པའི་ཚུལ།

སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀོན་ཚང་ཁྲོམ་གཞུང་ནི་ཁྲེང་ཏུའུ་ཀླུང་ཐང་གི་ཞིང་ལས་ཡུལ་ཤོག་དང་གྲོང་རྡལ་ཞིག་ཡིན་པ་དང་། དེར་ཞོག་ཁོག་དང་མ་རྨོས་ལོ་ཏོག། སྲན་སེར་གང་བུ། ཤ་མོ་སོགས་བཏབ་ཡོད། 2022ལོར་ཁྲོམ་གཞུང་དེའི་སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི22.3ལ་ཟིན་པ་དང་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10.2ལ་ཟིན་ཡོད་ཅིང་། དེའི་ནང་སྲན་སེར་གང་བུའི་ཐོན་ཚད་ཏུན་ཁྲི8.2ཡིན་ཞིང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.2ལ་ཟིན་ཡོད། ཞིང་ལས་ཞིང་སྡེ་པུའུ་ཡི2022ལོའི་རྒྱལ་ཡོངས་ཀྱི་ཡུལ་སྡེའི་ཁྱད་ཆོས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར10ལས་བརྒལ་བའི་གྲོང་རྡལ་གྱི་གྲས་སུ་ཚུད་ཡོད།

ཉེ་ཆར། ཀོན་ཚང་ཁྲོམ་གཞུང་གི་སྲན་སེར་གང་བུ་བསྡུ་བའི་དུས་སུ་སླེབས་ཤིང་། ཕྱི་དྲོའི་གནམ་གཤིས་དྲོད་ཚད་འཚམ་པོ་ཡོད་ཚེ་སྲན་སེར་གང་བུ་བསྡུ་མཁན་ཚང་མ་ཞིང་ནང་དུ་ལས་ཀར་བྲེལ། འཚོལ་བསྡུ་དང་གདམ་གསེས། གཙང་འཁྲུད། ཡང་འདེམས་སོགས་ཀྱི་གོ་རིམ་རབ་དང་རིམ་པ་བརྒྱུད་དེ་སྲན་སེར་གང་བུ་འཁྱག་མཛོད་དུ་བསགས་རྗེས་ཟོག་འདྲེན་རླངས་འཁོར་དུ་བླུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐྱེལ་བཞིན་ཡོད། ཕྱི་དྲོ་ནས་ཕྱི་ཉིན་ཞོགས་པའི་བར་ས་གནས་དེ་གའི་ཞིང་པ་ཚོས་གཉིད་བཅག་ནས་དཀའ་སྤྱད་ངལ་རྩོལ་བྱས་ཏེ། སྲན་སེར་གང་བུ་མི་རྣམས་ཀྱི་གསོལ་ཅོག་ཐོག་གི་ཞིམ་ཟས་སུ་བཤམས་ཡོད།། ( ཡེ་ཤེས་ཀྱིས་བསྒྱུར།)