国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རེ་བ་འདི་ཉིད་ཁོ་ན།

ལུང་པའི་ཕུ་དེར་རྣ་བར་སྙན་པའི་རྫ་ཆུ་དྭངས་མ།

ཆུ་བོ་ཆུང་ཆུང་དེ་ལྟར་སྐྱེ་འགག་ནུས་ན།

སྐྱེ་བོ་འུ་ཅག་ལ་འཕྲོད་པ།

དྭངས་མའི་ཆུ་ཕྲན། དེའི་འབབ་སྒྲ།

ན་ཚོད་མ་ལོན་པའི་བེའུ་སྤུ་རྟགས་ཡག་པའི་འབྲོང་དུ་སོན་པ།

རང་ལ་ཡུན་རིང་གོམས་པ་འབྲོང་གི་སྤུ་རྟགས་དང་སྙིང་སྟོབས།

ཁྱོད་ཀྱིས་འདེབས་པའི་མེ་ཏོག།

ར་སྐོར་ནང་དུ་ལྷད་མ་མེད་པ་སྐྱེར་འཇུག་པ།

ཁྱོད་ཀྱི་རང་ལ་སྲི་ཞུ་ཡག་ཤོས་དང་།

ཁྱིམ་མཚེས་གྲོང་མི་ཚང་མའི་བློ་ལ་འཕྲོད་ཤོས་དེའོ། །

ཕྱི་ལོགས་སུ་ཟིང་ཆ་ག་ཙམ་ཆེ་ན།

དབྱངས་དང་གསལ་བྱེད་བསྲུངས་ཏེ།

མ་འོངས་པ་རང་ཉིད་ཀྱི་མིང་བྱང་ཡོད་པར་བྱ།

༼ ཚ་སྒང་ཚེ་བསོད་ནམས། ༽