དལ་བའི་རྟེན་འདི་ཐོབ་པས་དུས་འདི་ལ།།
སེམས་ཀྱི་མཚོ་མོའི་དཀྱིལ་ན་འཁྱུག་པ་ཡི།།
དགའ་སྐྱོ་གཅིག་ཏུ་འདྲེས་པའི་ཉ་མོ་ཁྱོད།།
མི་ཚེ་མཉམ་དུ་བསྐྱལ་ན་ཨེ་ཆོག་ལགས།།
བརྩེ་བའི་དར་སྐུད་མཐུད་ནས་ཞག་བཅུ་དགུ།
ཕན་ཚུན་འཕྲིན་ཡིག་བསྐུར་ནས་ཟླ་བཅུ་དགུ།
འཁོར་བའི་འདབ་ན་སྐྱེས་ནས་ལོ་བཅུ་དགུ།
ལས་འཕྲོའི་ལག་འཇུ་ལྷོད་ཀྱིས་ཡོད་པར་སྐན།།
ལས་ཀྱི་བྱས་པའི་དབེན་ཁྲོད་དགའ་ཚལ་ནས།།
སྐྱོ་གདུང་འདྲེས་མས་ན་ཟུག་མྱོང་བཞིན་དུ།།
ཚོར་བ་གླེང་ནས་བསིལ་ཟེར་ཁེར་རྐྱང་ལ།།
ངུ་མ་དགོད་ཀྱི་གཏམ་རེ་རླུང་ལ་བསྐུར།།
༼ དབྱངས་ཞི་བ། ༽