国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཤུགས་ཆེན་བཏང་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རིག་གནས་ཡུལ་སྐོར་ཁུལ་བསྐྲུན་དགོས།

རང་ཁུལ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དངོས་བྲིས།

ཀྲུང་གོའི་ས་གཞི་ཆེན་མོའི་ངོ་མཚར་ཆེ་བའི་ས་ཆ་ཞིག་ཏུ་གྱུར་པའི་དཀར་མཛེས་ཁུལ་ལ་མཐོ་གྲང་རྒྱུད་ཀྱི་ལུང་སྟོང་ཡོད་ལ་གྲོག་རོང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའང་ཡོད་ཅིང་། འཕྲེད་རྒྱུག་རི་རྒྱུད་ཀྱི་མཐིལ་དུ་རང་བྱུང་ལྷིང་འཇགས་དང་སྣ་མང་རིག་གནས་མཉམ་འདྲེས་བྱ་ཡུལ་དུ་གནས་ཡོད། མཐོ་སྒང་གི་རི་ཁུལ་དུ་གནས་ཀྱང་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་སྔ་ས་ནས་སྐད་གྲགས་ཆོད་ཡོད། དེ་དང་བསྟུན་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གསོན་ཉམས་དོད་པའི་རི་མོ་ཞིག་ཀྱང་མིག་ལམ་དུ་འཆར།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་རྫས་སྤུས་དག་བཟོ་པ། གནས་ཡུལ་བརྟན་དུ་གཏོང་བ། ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་ཀྱི་གཙོ་དོན་བཞི་ལ་དམིགས་ཏེ་བཅོས་བསྒྱུར་གསར་གཏོད་དང་། འཆར་འགོད་ཁྲིད་སྟོན། ཐོན་ཁུངས་མཉམ་འདྲེས། སྒོ་དབྱེའི་མཉམ་ལས། སྤུས་རྟགས་གཏོད་པ་བཅས་ཀྱི་ཐོག་ནས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་འགྲོ་བའི་མྱུར་བགྲོད་ལམ་བུར་བསྐྱོད་ཡོད་པ་རེད།

ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་གཏང་དགོས།

ལོ་བཅུ་གཉིས་ནང་རང་ཁུལ་གྱིས2011ལོར་རྒྱལ་ཡོངས་ཀྱི་སྔོན་དུ་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཏོན་པ་དང་འབྲེལ་ལོ་དེར་ཁུལ་ཡོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་པའི་ཐོག་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དེ་ས་ཁོངས་ཡོངས་ཀྱི་ཐོན་ཁུངས་དང་། ( པར་ངོས་བཞི་པར་གཟིགས།)