国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྩོམ་སྒྲིག་པའི་གཏམ།

དཀར་མཛེས་ཁུལ་ནི་མི་རིགས་རིག་གནས་ཀྱི་གནས་མཆོག་ཡིན། མཛའ་གཞས་རིག་གནས་དང་མི་ཉག་རིག་གནས། རྒྱལ་རོང་རིག་གནས། གསར་བརྗེའི་རིག་གནས། སྐོར་བྲོ་རིག་གནས། གླིང་སྒྲུང་རིག་གནས། ཚོང་འདྲེན་རྡལ་ལམ་རིག་གནས་བཅས་གནས་འདི་ནས་ཕན་ཚུན་མཉམ་འདྲེས་བྱུང་། འཛམ་གླིང་དུ་སྐད་གྲགས་ཁྱབ་པའི《དར་མདོའི་མཛའ་གཞས》དང་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས《གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང》 དེ་བཞིན་བོད་ཀྱི་རིག་གནས་གཏེར་མཛོད་སུ་གྲགས་པའི་སྡེ་དགེ་པར་ཁང་སོགས་འཛམ་གླིང་རིམ་པའི་རིན་བྲལ་རིག་གནས་བྱུང་ནས་ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་སུ་གྲུབ། དཀར་མཛེས་ཁུལ་ནི་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་གྱིས་ཕྱུག་པའི་ས་ཆ་ཞིག་ཡིན། ལོ་ངོ་སྟོང་ཕྲག་རིང་ལ་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་རྗེས་ཡུལ་གྲུ་ཀུན་ཏུ་བཞག་ཅིང་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཅིང་ཐབས་ཤེས་ལ་བརྟེན་ནས་མི་ཚེ་དོན་དང་ལྡན་པར་བྱས། ཁོ་ཚོས་གེ་སར་རྒྱལ་པོའི་སྒྲུང་དང་སྡེ་དགེའི་དཔར་བརྐོ། ཟུར་ལུགས་གསོ་རིག། ཀརྨ་སྒར་བྲིས། དཔལ་ཡུལ་ཧོར་པོའི་ལག་ཤེས་བཟོ་རྩལ། འདབ་པའི་ཨ་སྐྱིད་ས་རྫ། ཉག་རོང་སྨན་འདམ་སོགས་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་འབོར་ཆེན་བཞག་ནས་ཁམས་པའི་ལག་ཤེས་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གྱིས་ཕྱུག་པར་བྱས། མི་རིགས་རིག་གནས་སྔར་བས་དར་སྤེལ་བཏང་སྟེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། རང་ཁུལ་གྱིས་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་བེད་སྤྱོད་ཐད་ཀྱི་གཏམ་རྒྱུད་འཆད་པར། འདི་ག་ཚགས་པར་ཁང་གིས《ལོ་རྒྱུས་ཀྱི་རིག་རྒྱུན་བསྐྱངས་ཏེ་དེང་རབས་ཀྱི་ལེའུ་གསར་པ་བརྩམ》ཞེས་པའི་ལེ་ཚན་ཆེད་དུ་འགོད་པར་དོ་ཁུར་དང་རྩོམ་བསྐུར་གནང་བར་མཁྱེན།