གྲང་འདར་རྒྱུ་བའི་དགུན་ཟླ་འདིར།།
ངོ་གདོང་སྨྲེང་ཞིང་བསིལ་བའི་མཚན།།
སེམས་ཀྱི་ནང་དུ་སྤྲིན་འཁྲུག་ཅིང་།།
ཞེ་ཡི་ལ་རྩེ་ཁ་བས་གཡོག །
ཁྲེལ་མེད་གནམ་སྔོན་སྤྲིན་ནག་ཚོགས།།
མཐའ་བྲལ་རྒྱ་མཚོའི་དེ་ཡི་འཇིངས།།
རྦ་རླབས་ཇི་བཞིན་ཕ་རོལ་ཏུ།།
ལོ་ཟླ་ནག་པོའི་དོ་ར་ནང་།།
ཧ་ཅང་སྨག་རིམ་སྟུག་པོ་དང་།།
རང་ཉིད་གཅིག་པུ་གཡུལ་འགྱེད་དུ།།
དབེན་ཞིང་ནག་པའི་མུན་པ་འདིར།།
ཆུ་འཁྱག་ལུས་གང་འཁུར་བ་ཡི།།
གདུང་བ་ཤིན་ཏུ་རྩུབ་པོ་ངང་།།
ང་ནི་སྲིད་པའི་ཁུང་བུ་ནས།།
མུན་པ་བྱེད་ཅིང་འོད་ལ་དུངས།།