国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་ཉེ་བ་ཚོ་དྲན་ཚུལ།

དེ་རིང་ནམ་མཁའ་ཧ་ཅང་དྭངས་པས།

སྐྱོ་གདུང་གི་མནར་བའི་མི་ཞིག་དྲན་

པ་ནང་བཞིན།

ངས་ཕ་ཡུལ་གྱི་ནམ་མཁའ་དྲན།

སེམས་པའང་ཧ་ཅང་སྐྱོ་བོ་བྱུང་།

ངས་ཕ་ཡུལ་གྱི་ནམ་མཁའ་དྲན་དུས།

ནམ་མཁའ་དེའི་འོག་གི་སྙིང་ཉེ་བ་དག་དྲན།

སྙིང་ཉེ་བ་དེ་ཚོའི་འདང་བརྩེ་དང་སེམས་པའང་།

ནམ་མཁའ་བཞིན་དྭངས་ཤིང་གཙང་བ་དྲན་བྱུང་།