གྱང་ངོས་བརླན་གཤེར་ཆགས་པའི་ཞག་སྨད་ཅིག་ལ།།
ཁོ་བོ་སྨག་རུམ་མཐུག་པོའི་གཟེབ་ལ་བཅུག་ནས།།
ལུས་པོ་ངལ་ཞིང་ཞེ་གཅོང་ཨམ་ཙིག་བསྡམས་ཤིང་།།
རླུང་དམར་རྒྱུག་མཚམས་བར་ནས་ཡུན་གྱིས་འདུར་གྱིན།།
ཆར་ནག་འབྱོ་མཚམས་བར་ནས་གང་ཞིག་སྐྱོད་ཀྱིན།།
མི་ཚེ་གཅིག་གི་ལམ་ཚད་རྟོག་པས་བཟོས་ཤིང་།།
ངལ་བའི་ཐིགས་པ་མཚོ་ཡི་ཀོ་གྲུ་བཏང་ནས།།
གྲང་བའི་ཁ་ཆར་གདོང་གི་ལག་པས་བསྐྱོར་ཏེ།།
མི་མཐོང་ཐག་རིང་ཡུལ་དུ་ལོང་བརྙབ་བྱེད་ཀྱིན།།
ཆགས་པའི་གཡེར་བག་སྡང་བའི་གཙང་བོའི་མཐའ་ནས།།
འོད་ཆུང་འཁུར་བའི་སྐར་མདའ་མཛེས་ཤིང་གཅོང་ཨང་།།